དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་བྱང་གིས་མི་ཁྲི་རྐང་ཐང་མར་སྐྱོད་པའི་འགྲན་བསྡུར་ཆེན་པོ་བྱས་ནས་ལོ་གསར་པར་བསུ་བ་ཞུ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-10

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཨུད་དང་། ཀྲོའུ་སྲིད་གཞུང་གིས་གཉེར་བའི“དགུན་དུས་མཚོ་བྱང་དུ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོ་སྟེ། ‘གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ཞུས་ནས་ལོ་གསར་པ་བསུ་བའི’མཚོ་སྔོན་པོ་དང་མདོ་ལ་རིང་མོའི་རྟ་ཁྲི་རྒྱུག་པ་དང་མི་ཁྲི་རྐང་ཐང་མར་སྐྱོད་པའི་འགྲན་བསྡུར་ཆེན་པོའི”གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་ལས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་12ཚེས་29ནས་2024ལོའི་ཟླ་1ཚེས་1ཉིན་བར་མཚོ་སྔོན་པོའི་བྱང་འདབས་ཀྱི་མཚོ་བྱང་ཀྲོའུ་རུ་མཚོ་སྔོན་པོ་དང་མདོ་ལ་རིང་མོའི་རྟ་ཁྲི་རྒྱུག་པ་དང་མི་ཁྲི་རྐང་ཐང་མར་སྐྱོད་པའི་འགྲན་བསྡུར་ཆེན་པོ་གཉེར་རྒྱུ་ཡིན་པ་དང་། ད་རེས་ཀྱི་རྐང་ཐང་མར་སྐྱོད་པའི་འགྲན་བསྡུར་ཆེན་པོའི་འགྲན་ར་སོ་སོར་རྟ་རགས་བསྐྱོད་སའི་ལམ་ཐིག་བཟོས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲན་བསྡུར་ལ་ཚོགས་ར་གཙོ་བོ་གཅིག་དང་ཡན་ལག་ཚོགས་ར་བཞི་བཀོད་སྒྲིག་བྱས་པ་དང་། ཡན་ལག་ཚོགས་རའི་འགྲན་བསྡུར་ཟླ་12ཚེས་29ཉིན་འགོ་འཛུགས་རྒྱུ་དང་། ཚོགས་ར་གཙོ་བོའི་མཚོ་བྱང་ཀྲོའུ་རྐང་ཚ་རྫོང་གི་འགྲན་བསྡུར་2024ལོའི་ཟླ་1ཚེས་1ཉིན་ནས་འགོ་འཛུགས་རྒྱུ་རེད། འགྲན་བསྡུར་བྱེད་རིང་། རྐང་ཐང་མར་སྐྱོད་པའི་མྱོང་རོལ་ཚོགས་ཆུང་དང་ཆེད་ལས་ཚོགས་ཆུང་སོགས་བཀོད་སྒྲིག་བྱས་ཤིང་། རྐང་ཐང་དུ་སྐྱོད་སའི་ལམ་ཐིག་རིང་ཤོས་ལ་སྤྱི་ལེ་28.7དང་ཐུང་ཤོས་ལ་སྤྱི་ལེ་3ཟིན་གྱི་ཡོད། འགྲན་བསྡུར་གྱི་ལམ་དུམ་དག་མཚོ་སྔོན་པོའི་མཐོན་པོ་རྫ་རྒན་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གངས་དཀར་ཕྱོགས་ལས་རྣམ་རྒྱལ། མཚོ་སྔོན་པོའི་ཆུ་མིག་ཁུག་གི་སྒར་སའི་རྟེན་གཞི། མཚོ་སྔོན་པོའི་བྱེ་ཐང་སེར་ཁུག་གི་མཚོ་ལ་ལྟ་སའི་སྒར་སའི་རྟེན་གཞི་སོགས་སུ་བཀོད་སྒྲིག་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རྐང་ཐང་མར་སྐྱོད་པའི་འགྲན་བསྡུར་ཆེན་པོ་དེ་དགུན་དུས་མཚོ་བྱང་དུ་ཡུལ་སྐོར་བྱེད་པའི་མུ་འབྲེལ་བྱེད་སྒོའི་གྲས་ཤིག་ཏུ་བརྩིས་ཏེ། རྐང་ཐང་མར་བསྐྱོད་ནས“རྨི་ལམ་ལྟ་བུའི་མཚོ་བྱང”གི་དགུན་དུས་ཀྱི་རི་ཀླུང་དང་། གངས་འཁྱགས། ནགས་ཚལ་དང་རྩྭ་ཐང་། གཙང་པོ་དང་མཚོ་བཅས་ཀྱི་ཐོན་ཁུངས་ཀྱི་རང་བྱུང་མཛེས་སྡུག་ཡོངས་སུ་མངོན་པར་བྱ་རྒྱུ་མ་ཟད། མཚོ་བྱང་གི་དུས་བཞི་དང་ས་ཁོངས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་ཞིང་། བྱེད་སྒོས་ཕྱོགས་ཡོངས་དང་རིམ་པ་མང་པོའི་ཐོག་ནས་ཡུལ་སྐོར་བར་མཚོ་བྱང་གི་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མངོན་པར་བྱས་ནས་ཡུལ་སྐོར་བའི་དགུན་དུས་ཡུལ་སྐོར་གྱི་དགོས་མཁོ་སྐོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།