དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཏང་ཡོན་ལས་བྱེད་པས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་བྱས་པའི་དཔེ་མཚོན་གྱོད་དཔེ་7བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-10

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེན་ཟོན་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་ཆར་ཞིབ་བཤེར་ཐག་གཅོད་བྱས་པའི་ཏང་ཡོན་ལས་བྱེད་པས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་བྱས་པའི་དཔེ་མཚོན་གྱོད་དཔེ་7བརྡ་ཁྱབ་བཏང་བ་རེད།

    མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་མེ་སྐྱོན་འགོག་བཅོས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་དཔའ་ཡོད་ཀྱིས་ར་བཟི་ནས་རླངས་འཁོར་བཏང་བའི་གནད་དོན། 2023ལོའི་ཟླ་7པར་དཔའ་ཡོད་ཀྱིས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་པས་ཟླ་བ་གསུམ་བཙན་ཉར་ལས་སྐུལ་གྱི་ཆད་པ་བཅད་པ་དང་འབྲེལ་དངུལ་ཆད་སྒོར་2000བཅད་པ་རེད། 2023ལོའི་ཟླ་10པར་དཔའ་ཡོད་ལ་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་རེད།

    ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་ཡུན་ཅ་ཁའུ་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་མི་དམངས་དྲག་ཆས་པུའི་པུའུ་ཀྲང་ཧོང་ཧྭ་ཡིས་ར་བཟི་ནས་རླངས་འཁོར་བཏང་བའི་གནད་དོན། 2023ལོའི་ཟླ་7པར་ཧོང་ཧྭ་ཡིས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་པས་ཟླ་བ་གཅིག་བཙན་ཉར་ལས་སྐུལ་གྱི་ཆད་པ་བཅད་པ་དང་ཁྲིམས་ཆད་ཕྱིར་འགྱངས་ཟླ་བ་གཉིས་བྱས་པ་མ་ཟད། དངུལ་ཆད་སྒོར་4000བཅད་པ་རེད། 2023ལོའི་ཟླ་9པར་ཧོང་ཧྭ་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་རེད།

    མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་རྒྱལ་མཁར་སོག་རིགས་ཤང་ཏང་ཨུད་ཀྱི་ཨུ་ཡོན་རྩ་འཛུགས་ཨུ་ཡོན་མཱ་ཨའེ་ཁྲུན་གྱིས་ར་བཟི་ནས་རླངས་འཁོར་བཏང་བའི་གནད་དོན། 2023ལོའི་ཟླ་7པར་མཱ་ཨའེ་ཁྲུན་གྱིས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་པས་ཟླ་བ་གཅིག་དང་ཉིན་15བཙན་ཉར་ལས་སྐུལ་གྱི་ཆད་པ་བཅད་པ་དང་འབྲེལ་དངུལ་ཆད་སྒོར་2000བཅད་པ་རེད། 2023ལོའི་ཟླ་9པར་མཱ་ཨའེ་ཁྲུན་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་རེད།

    མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་ཐར་ཤུལ་ཤང་གི་ལས་བྱེད་པ་འཇམ་དཔལ་སྐྱབས་ཀྱིས་ར་བཟི་ནས་རླངས་འཁོར་བཏང་བའི་གནད་དོན། 2023ལོའི་ཟླ་2པར་འཇམ་དཔལ་སྐྱབས་ཀྱིས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་པས་ཟླ་བ་གསུམ་བཙན་ཉར་ལས་སྐུལ་གྱི་ཆད་པ་བཅད་པ་དང་འབྲེལ་དངུལ་ཆད་སྒོར་2000བཅད་པ་རེད། 2023ལོའི་ཟླ་10པར་འཇམ་དཔལ་སྐྱབས་ལ་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་རེད།

    མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་མ་ཁྲང་ཡོན་ཤང་ཁྲོན་ཁུག་སྨད་གྲོང་ཚོའི་ཀྲི་པུའུ་ཨུ་ཡོན་གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་དབྱང་ཡུང་གིས་ར་བཟི་ནས་རླངས་འཁོར་བཏང་བའི་གནད་དོན། 2023ལོའི་ཟླ་3པར་དབྱང་ཡུང་གིས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་པས་ཟླ་བ་གཉིས་བཙན་ཉར་ལས་སྐུལ་གྱི་ཆད་པ་བཅད་པ་དང་འབྲེལ་དངུལ་ཆད་སྒོར་2000བཅད་པ་རེད། 2023ལོའི་ཟླ་9པར་དབྱང་ཡུང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་རེད།

    མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་སྒང་རོང་ཁྲོམ་གཞུང་ཀྲའོ་ཅ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲོའུ་ཡུང་གཡོད་ཀྱིས་ར་བཟི་ནས་རླངས་འཁོར་བཏང་བའི་གནད་དོན། 2023ལོའི་ཟླ་6པར་ཀྲོའུ་ཡུང་གཡོད་ཀྱིས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་པས་ཟླ་བ་གཅིག་བཙན་ཉར་ལས་སྐུལ་གྱི་ཆད་པ་བཅད་པ་དང་འབྲེལ་དངུལ་ཆད་སྒོར་2000བཅད་པ་རེད། 2023ལོའི་ཟླ་9པར་ཀྲོའུ་ཡུང་གཡོད་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་རེད།

    ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཆུ་བེད་ཅུས་ཀྱི་རིམ་བཞིའི་ཀྲུའུ་རེན་ཁོའོ་ཡོན་དབྱང་ཧྲེང་པེའོ་ཡིས་ཆང་རག་བཏུངས་ནས་རླངས་འཁོར་བཏང་བའི་གནད་དོན། 2023ལོའི་ཟླ་6པར་དབྱང་ཧྲེང་པེའོ་ཡིས་ཆང་རག་བཏུངས་རྗེས་རླངས་འཁོར་བཏང་བས་སྲིད་འཛིན་བཀག་ཉར་ཉིན་10བྱས་པ་དང་འབྲེལ་དངུལ་ཆད་སྒོར་1500ཡི་སྲིད་འཛིན་ཆད་པ་བཅད་པ་རེད། 2023ལོའི་ཟླ་7པར་དབྱང་ཧྲེང་པེའོ་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་དོན་གྱི་སྐྱོན་ཆེན་ཐོ་འགོད་ཀྱི་ཆད་པ་ཕོག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།