དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འབད་འབུངས་ཡར་བརྩོན་བྱས། ཕུགས་འདུན་མངོན་དུ་གྱུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-10

    འདི་ནི་སྒྲོལ་དཀར་གྱིས་སྒྲ་སྙན་སྐོར་བློ་འདྲི་བྱེད་པར་ཡོང་མཁན་ཁྱིམ་བདག་གི་དོགས་འདྲིར་ལན་འདེབས་བཞིན་པ།

    འདི་ནི་ལྷག་པ་དོན་གྲུབ་ཀྱིས་མི་མེད་གནམ་གྲུ་གཏོང་སྟངས་སྦྱོང་བཞིན་པ།

    འདི་ནི་མཆོག་ལེགས་ཀྱིས(གཡོན་གྱི་གཉིས་པ)རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་སྦྱོང་བརྡར་འགྲན་བསྡུར་བྱེད་བཞིན་པ།

    ལོ་36ལ་སླེབས་པའི་མཆོག་ལེགས་ནི“ལས་གཏོད་གྲགས་ཅན”ཞིག་རེད། 2009ལོར་རྐྱེན་ངན་བར་ཆད་འཕྲད་ནས་ཁོ་པ་རྐུབ་སྟེགས་འཁོར་ལོར་མི་སྡོད་ཀ་མེད་བྱུང་། སེམས་སྡུག་དང་ཡིད་མུག་གི་དབང་དུ་ཚུད་ནས་དུས་ངེས་ཅན་ཞིག་ཕྱིན་རྗེས། ནང་མི་དང་སྤྱི་ཚོགས་ཀྱི་རོགས་རམ་འོག་ཁོ་པས་ལས་གཏོད་བྱེད་འགོ་ཚུགས། ད་ཆ་མཆོག་ལེགས་ཀྱི་ཀུང་སིར་ལས་བཟོ་42ཡོད་པའི་ནང་27ནི་དབང་པོ་སྐྱོན་ཅན་རེད།

    མཆོག་ལེགས་ནི་ལྷ་ས་གྲོང་ཁྱེར་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་རུ་ཁག་གི་རུ་མི་གཙོ་བོ་རེད། 2021ལོར་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་བཅོལ་གསོ་ལྟེ་གནས་ཀྱི་འགྲན་བསྡུར་ཞིག་ནང་མཆོག་ལེགས་ཀྱིས་ཁོ་པར་རྒྱབ་སྐྱོར་བྱེད་མཁན་ལྷག་པ་དོན་གྲུབ་ངོ་ཤེས། ད་ལོར་ལོ་22ལ་སླེབས་པའི་ལྷག་པ་དོན་གྲུབ་ནི་དམར་འབྱར་གྱི་དུས་ནས“རུས་སྙིའི་ནད”ཕོག་སྟེ་རུས་པ་ཡང་ཡང་ཆག་མྱོང་། ནར་སོན་རྗེས་གཟུགས་པོའི་རིང་ཚད་སྨི་1ཀྱང་མི་ཟིན་པའི་ཁོ་པ་རིམ་པ་གཉིས་པའི་ཡན་ལག་དབང་པོ་སྐྱོན་ཅན་དུ་གཏན་འཁེལ་བྱས། འགུལ་སྐྱོད་བྱེད་སྐབས་འཁར་བ་དང་གློག་སྒུལ་རྐུབ་སྟེགས་འཁོར་ལོ་དང་འབྲལ་ཐབས་མེད་པར་གྱུར་མོད། འོན་ཀྱང་ཁོ་པས་ཡིད་ཐང་མི་ཆད་པར་པར་རྒྱག་ལས་ལ་གཞོལ་ནས་པར་རྒྱག་མཁས་ཅན་ཞིག་ཏུ་འགྱུར་བའི་བརྩོན་ལེན་བྱས། ད་ཆ་ལྷག་པ་དོན་གྲུབ་བཅོལ་གསོ་ལྟེ་གནས་ནས་བྲལ་ཏེ་མཆོག་ལེགས་ཀྱིས་བཙུགས་པའི་རིག་གནས་ཁྱབ་སྤེལ་ཀུང་སིར་པར་རྒྱག་དང་བརྙན་ཕབ་བཟོ་བའི་འགན་འཁུར་ནས་རང་ཁ་རང་གསོ་བྱེད་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།

    ལོ་29ལ་སླེབས་པའི་ལྷ་སའི་བུ་མོ་སྒྲོལ་དཀར་ལ་ཆུང་དུས་ནས་བྱིས་པའི་སྦྲིད་ནད་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར། ཁོ་མོས་མཆོག་ལེགས་ཀུང་སིར་བོད་ཡིག་ཡིག་གཟུགས་སྦྱངས་པ་དང་། ཕྱིས་སུ་ལྷ་སའི་བར་སྐོར་ཚོང་གྲོང་གི་བོད་ཡིག་ཡིག་གཟུགས་དང་སྒྲ་སྙན་ཉམས་ལེན་འཛིན་གྲྭའི་འགན་འཁུར་བར་གྱུར། མང་ཤོས་ཀྱི་སྐབས་སུ་ཕྲུ་གུ་150ལ་སློབ་ཚན་འཁྲིད་ཀྱི་ཡོད། ད་ལྟ་ཁོ་མོར་ཁྲལ་མ་འཇལ་གོང་ཟླ་རེར་ཡོང་འབབ་སྒོར་9000ཙམ་ཡོད། དབང་པོ་སྐྱོན་ཅན་གྱིས་ཕུགས་འདུན་སྒྲུབ་པའི་བརྒྱུད་རིམ་ནི་ནང་མི་དང་། སྤྱི་ཚོགས། སྲིད་གཞུང་བཅས་ཀྱི་རོགས་རམ་དང་ཁ་འབྲལ་ཐབས་མེད། མཆོག་ལེགས་ཀྱི་ལས་གཏོད་བརྒྱུད་རིམ་ནང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་ཁོ་པར་སྒོར་ཁྲི་42རོགས་སྐྱོར་བྱས་པ་དང་། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྱང་ཁོ་པའི་ཁེ་ལས་ལ་གེགས་མེད་གློག་སྐས་སྒྲིག་སྦྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།