དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་ཀྱི་གྲངས་འཛིན་ཉིན་གླའི་ཁྲོམ་རའི”བོད་སྐད་དཔར་མའི་བྱ་རིམ་ཆུང་ངུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-09

    གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར“བོད་ཀྱི་གྲངས་འཛིན་ཉིན་གླའི་ཁྲོམ་རའི”བོད་སྐད་དཔར་མའི་བྱ་རིམ་ཆུང་ངུ་སྐད་འཕྲིན་དང་དངུལ་སྤྲོད་འབོ་གཉིས་ནས་དངོས་སུ་སྤྱོད་འགོ་ཚུགས་ཏེ། “བོད་ཀྱི་གྲངས་འཛིན་ཉིན་གླའི་ཁྲོམ་ར”རྒྱ་ཁྱབ་དང་གཏིང་ཟབ་ངང་སྤྱོད་པའི་དུས་རིམ་གསར་པར་སླེབས་པ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཐད་ཚད་རྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བདུན་པར་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས“བོད་ཀྱི་གྲངས་འཛིན་ཉིན་གླའི་ཁྲོམ་རའི”བྱ་རིམ་ཆུང་ངུ་དྲ་ཐོག་ཏུ་སྤྱོད་ཐབས་འཚོལ་ཞིབ་དང་གསར་སྤེལ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་མ་ཟད། རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་མང་ཚོགས་ཚོས་གང་ལ་བསམ་བློ་གཏོང་བ་དང་། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ་གཞིར་བཟུང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་ཏན་བྱས་ནས། “བོད་ཀྱི་གྲངས་འཛིན་ཉིན་གླའི་ཁྲོམ་རའི”བོད་སྐད་དཔར་མ་གསར་སྤེལ་ཧུར་ཐག་བྱས་ནས་ཉེ་ཆར་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཡོད།

    “བོད་ཀྱི་གྲངས་འཛིན་ཉིན་གླའི་ཁྲོམ་རའི”བྱ་རིམ་ཆུང་ངུ་ནི་ལས་ཞུགས་པས་ལས་ཀ་འཚོལ་བར་སྐབས་བསྟུན་ཞབས་འདེགས་ཞུ་བའི་རིན་མེད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་ལས་སྟེགས་ཤིག་རེད། མིག་སྔར། ཐོ་འགོད་བྱས་པའི་གླ་བདག་14914དང་ཐོ་འགོད་བྱས་པའི་གླ་པ་1716ཟིན་པ་དང་། ལས་མི་བསྡུ་བའི་ཆ་འཕྲིན་322བཏང་ནས་ལས་མི་སྣ་ཚོགས་མི་ཐེངས་48ལ་ལས་ཀ་རག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།