ཟླ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་བསྡོམས་འབོར་དུང་ཕྱུར་1.5ཡན་ཟིན་པ།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་བསྡོམས་འབོར་རིམ་རྩིས་བརྒྱབ་ན་ཁྲི་15841.45ཟིན་པ་དེ་དུས་མཚུངས་ལས་6.58%འཕར་ཡོད་ཅིང་། དེའི་ནང་མྱུར་སྐྱེལ་ལས་སྒོའི་བསྡོམས་འབོར(སྦྲག་སྲིད་ཚོགས་པའི་ཐུམ་སྒྲིལ་ལས་སྒོ་ཚུད་མེད)རིམ་རྩིས་བརྒྱབ་ན་ཁྲི་1703.14ཟིན་པ་དེ་དུས་མཚུངས་ལས་67.54%འཕར་ཡོད་པ་རེད།
ཟླ་དང་པོ་ནས་བཅུ་པའི་བར་གྲོང་ཁྱེར་གཅིག་པའི་མྱུར་སྐྱེལ་ལས་སྒོའི་བསྡོམས་འབོར་རིམ་རྩིས་བརྒྱབ་ན་ཁྲི་561.57ཟིན་པ་དེ་དུས་མཚུངས་ལས་92.02%འཕར་བ་དང་། ས་ཆ་གཞན་དུ་ལས་སྒོ་གཉེར་བའི་བསྡོམས་འབོར་རིམ་རྩིས་བརྒྱབ་ན་ཁྲི་1141.43ཟིན་པ་དེ་དུས་མཚུངས་ལས་57.65%འཕར་བ། རྒྱལ་སྤྱིའི(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་གསུམ)ལས་སྒོའི་བསྡོམས་འབོར་རིམ་རྩིས་བརྒྱབ་ན་ཁྲི་0.14ཟིན་པ་དེ་དུས་མཚུངས་ལས་82.67%འཕར་བ་བཅས་རེད།སྦྲག་སྲིད་བཏང་ཡིག་གི་ལས་སྒོ་རིམ་རྩིས་བརྒྱབ་ན་ཁྲི་100.76ཟིན་པ་དེ་དུས་མཚུངས་ལས་249.5%འཕར་བ་དང་། ཐུམ་སྒྲིལ་གྱི་ལས་སྒོ་རིམ་རྩིས་བརྒྱབ་ན་ཁྲི་18.6ཟིན་པ་དེ་དུས་མཚུངས་ལས་101.74%འཕར་བ། ཚགས་པར་གྱི་ལས་སྒོ་རིམ་རྩིས་བརྒྱབ་ན་ཁྲི་13329.27ཟིན་པ་དེ་དུས་མཚུངས་ལས་0.42%འཕར་བ། དུས་དེབ་ཀྱི་ལས་སྒོ་རིམ་རྩིས་བརྒྱབ་ན་ཁྲི་444.58ཟིན་པ་དེ་དུས་མཚུངས་ལས་8.02%འཕར་བ་རེད།
དུས་མཚུངས་སུ་ལས་སྒོའི་ཡོང་འབབ་ཀྱང་མངོན་གསལ་དོད་པོས་འཕར་ཞིང་། ཟླ་དང་པོ་ནས་བཅུ་པའི་བར་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ(སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ཐད་ཀའི་ལས་གཉེར་ཡོང་འབབ་ཚུད་མེད)རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་8.2ཟིན་པ་དེ་དུས་མཚུངས་ལས་29.41%འཕར་ཞིང་། དེའི་ཁྲོད་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4.81ཟིན་པ་དེ་དུས་མཚུངས་ལས་25.76%འཕར་བ་རེད།