དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི“དཔེ་མཚོན་སློབ་ཁང”གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-08

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཏང་ཨུད་ཀྱིས་རྫོང་རིག་གནས་ཅུས་དང་མཉམ་དུ་ཞོལ་ཁང་སྡེ་ཁུལ་དུ“བློ་སྒྲིལ་སེམས་སྐྱེད་ཀྱིས་ཏང་གི་རྗེས་སུ་འབྲངས། མཐུན་སྒྲིལ་འབད་འཐབ་ཀྱིས་རྒྱང་ལམ་གསར་པར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི“དཔེ་མཚོན་སློབ་ཁང”གི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཚང་མས་ཞོལ་ཁང་ཐུབ་བསྟན་ཉི་མ་བཟའ་ཚོ་གཉིས་ཀྱིས་གངས་ལྗོངས་ས་མཐོར་བླ་ན་མེད་པའི་རྒྱལ་གཅེས་བརྩེ་སེམས་བཅངས་པ་དང་མི་དམངས་ལ་ཟོལ་མེད་ལྷག་བསམ་བཅངས་པའི་སྤྱིར་བཏང་མིན་པའི་མི་ཚེར་ཤེས་རྟོགས་གཏིང་ཟབ་བྱས་པ་དང་འབྲེལ། བོད་ཀྱི་གནའ་བོའི་བཟོ་སྐྲུན་གྱི་ལོ་རྒྱུས་རིག་གནས་ཀྱི་ཉམས་འགྱུར་མྱོང་རོལ་དང་། འཕྱོངས་རྒྱས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ངོ་མཚར་དང་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་ཤེས་རྟོགས་བྱས་པ་རེད། དེ་རྗེས་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཞོལ་ཁང་གཞིས་ཀའི་ཐང་ཆེན་དུ་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་དང་། ཞོལ་པ་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་གཉིས་ལ“ཏང་ནང་ཞུགས་པའི་གཟི་བརྗིད་ལྡན་པའི་ལོ་50”ཡི་དྲན་རྟེན་གཟེངས་རྟགས་སྤྲད་པ་རེད། ཏང་ཡོན་རྒན་གྲས་གཉིས་ཀྱིས་རང་ཉིད་ཀྱི་བརྒྱུད་རིམ་ངོ་མ་དང་ཟུང་འབྲེལ་བྱས་ཏེ། དེ་གར་ཡོད་པའི་ཏང་ཡོན་དང་མང་ཚོགས་ལ་རང་ཉིད་ཏང་ནང་ཞུགས་པའི་ཐོག་མའི་བསམ་འདུན་དང་ཏང་ནང་ཞུགས་ནས་ལོ་50སོང་ཚུན་སྡེ་ཁུལ་དུ་བྱུང་བའི་འཕོ་འགྱུར་ཆེན་པོ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།