སྟག་རྩེ་ཆུས་ཀྱིས་འཚོལ་བཤེར་དག་ཐེར་ཡག་པོ་བྱས་ནས་དམངས་ལ་བྱ་བ་དངོས་བསྒྲུབས་པ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། སྟག་རྩེ་ཆུས་ཀྱིས་བརྗོད་དོན་གཙོ་བོའི་གཙོ་རྐང་ལ་སྟངས་འཛིན་བརྟན་པོ་བྱས་ཏེ་འཕྲལ་མར་བྱ་སྤྱོད་སྤེལ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། འཚོལ་བཤེར་དང་དག་ཐེར། དམངས་ལ་བྱ་བ་དངོས་སྒྲུབ་པ་བཅས་ལ་དམིགས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།
སྟག་རྩེ་ཆུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་ཁྱབ་པ་མཐའ་འཁྱོངས་བྱས་ཤིང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཐོག་སྟག་རྩེ་ཆུས་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་དུས་ཐོག་ཏུ་བཙུགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་བཀོད་སྒྲིག་བྱས་ཡོད། དུས་ཡུན་ཉིན་9(གཅིག་སྡུད་གསབ་ཁྲིད་ཉིན་2ཚུད་པ)ཡི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལྟ་ཀློག་འཛིན་གྲྭ་མཉམ་དུ་གཉེར་བ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་43ལྟ་་ཀློག་འཛིན་གྲྭའི་བྱེད་སྒོར་ཞུགས་པ་དང་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་25ཡིས་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བྱས་ནས་བསམ་བློའི་གོ་རྟོགས་མཐོ་རུ་བཏང་ཡོད།
འཚོལ་བཤེར་དག་ཐེར་ཐོག་མཐའ་བར་གསུམ་དུ་ཁྱབ་པ་མཐའ་འཁྱོངས་བྱས་ཤིང་། བརྟག་ཞིབ་ལ་བརྟེན་ནས་མང་ཚོགས་ཀྱི་གནད་དོན་ཤེས་རྟོགས་མཐའ་འཁྱོངས་བྱས་པ་དང་། མང་ཚོགས་ཀྱི་བསམ་འཆར་བསྡུ་རུབ་དང་། མང་ཚོགས་ཀྱི་གསར་གཏོད་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་བརྟག་དཔྱད་དང་ཞིབ་འཇུག་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་ལྡེ་མིག་ལྟ་བུར་དངོས་འབྲེལ་གྱུར་པར་བྱས་ཏེ། ལྷག་པའི་གནད་དོན་ཕྱོགས་ཡོངས་ནས་གནད་འཁེལ་དང་ཡག་དག་བཙལ་ཏེ་འཚོལ་བཤེར་དག་ཐེར་ཡག་པོ་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད། གནད་དོན་གྱི་གསལ་ཐོ་18བཟོས་པའི་ནང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་གནད་དོན་8དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་3 ཉེན་ཁ་ཆེ་རིགས་འགོག་ཟོན་དང་སེལ་རིང་གི་གནད་དོན་2 ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རིང་གི་གནད་དོན་1 དེ་མིན་གྱི་གནད་དོན་4བཅས་ཡོད།
དམངས་ལ་བྱ་བ་དངོས་སྒྲུབ་པ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་མཐའ་འཁྱོངས་བྱས་ཤིང་། “ལག་ལེན་གྱི་དམིགས་ཡུལ་ནི་དམངས་ལ་བདེ་སྐྱིད་སྐྲུན་པའི”དམིགས་ཚད་ཞིབ་ཕྲར་དམ་པོར་དམིགས་ཏེ། མང་ཚོགས་གྱི་བློ་ཡིད་ཚིམ་མིན་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཤན་འབྱེད་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ཐོག དམངས་འཚོའི་འདུ་འགོད་ལ་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་ཚོར་བར་བྱས་ཡོད། མིག་སྔའི་བར། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི”ཐད་ཀྱི་བྱ་བ་དངོས་21དང་མ་དངུལ་སྒོར་ཁྲི་3892དོན་འཁྱོལ་བྱས་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མི་965ལ“གྲོགས་པོ་དང་གཉེན་ཉེ་སྒྲིག་པའི”བྱེད་སྒོ་སྤེལ་བ། ཞིང་འབྲོག་དུད་ཚང་1065དང་ཆ་བསྒྲིགས་པ། བསམ་འཆར་དང་གྲོས་འགོ་63འབྱོར་བ། མང་ཚོགས་ལ་བྱ་བ་དངོས་1065བསྒྲུབས་ཡོད།