ནག་ཆུས“གཞི་རིམ་དུ་སྐྱོད་པ་བཞི”དར་སྤེལ་བཏང་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་གྱིས“གཞི་རིམ་དུ་སྐྱོད་པ་བཞི”རིམ་ཁག་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ལམ་ཕྱོགས་ལག་བསྟར་ཡག་པོ་བྱེད་པ་དང་། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཞིབ་བཤེར་བྱ་གཞིར་བརྩིས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་བབ་བསྟུན་ཇུས་འགོད་བྱས་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་བྱས་ཤིང་། དེའང་ས་ཁུལ་རིམ་པའི་ལས་བྱེད་པས་སྣེ་ཁྲིད་དེ་སྒྲོག་འགྲེལ་དང་། རྫོང་རིམ་པའི་ལས་བྱེད་པས་སྐོར་སྐྱོད་སྒྲོག་འགྲེལ། ཞིང་འབྲོག་པའི་སྒྲོག་འགྲེལ་པས་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བཅས་བྱས་ཏེ། གོ་བདེ་ཤེས་སླ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་གསོན་ཉམས་དོད་པོ་བྱས་པ་དང་། གྲོང་ཚོའི་ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོའི་ས་ཚིགས་དང་། འཕྲལ་སྒྲུབ་རླུང་འཕྲིན་ལས་སྟེགས་བཅས་ཀྱི་ནུས་པ་གང་ལེགས་བཏོན་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་གཞི་རྩའི་རིགས་པའི་གཞུང་ལུགས་རྒྱུན་ཤེས་སུ་འགྱུར་བ་བྱས་ནས། མང་ཚོགས་ལ་ཕན་པ་གང་ནས་ཐོབ་པ་དང་ཕན་པ་སུ་ལ་ཡོད་པ་དངོས་འབྲེལ་ཤེས་སུ་བཅུག་ཡོད། མིག་སྔར། ནག་ཆུ་གྲོང་ཁྱེར་གྱིས་རྫོང་དང་། ཤང་། གྲོང་ཚོ(ཨུ་ལྷན)སོགས་སུ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སྒྲོག་འགྲེལ་ཐེངས་ཁྲི་1.3ལྷག་ཙམ་བྱས་པ་དང་མི་ཐེངས་2532ལ་སློབ་གསོ་བརྒྱབ་པས་ཏང་ཡོན་དང་མང་ཚོགས་མི་ཐེངས་ཁྲི་80.6ལ་སློབ་གསོ་ཐེབས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་ཡག་པོ་སྤྱད་དེ་བྱ་བ་ཆུང་ཙག་ནས་འགྱུར་ལྡོག་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེའི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་218དང་ཕྱོགས་བསྡུས་རིགས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་112གཏན་འཁེལ་བྱས་པ་དང་། བརྟག་ཞིབ་ཚོགས་ཆུང་330སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་དང་། གྲོང་ཚོ་དང་འབྲོག་དུད། ཞིང་ནང་དང་མུ་ཁར་གཟབ་སྐྱོད་ཀྱིས་མང་ཚོགས་དང་གླེང་མོལ་བྱས་ནས་གནས་ཚུལ་མཐིལ་རྟོགས་དང་བྱ་ཐབས་ཏན་ཏིག་བཟོས་པ་དང་། “གནད་དོན་གྱི་གསལ་ཐོ”དེ“འགན་འཁྲིའི་གསལ་ཐོ”དང“བདེ་སྐྱིད་སྐྲུན་པའི་ལག་རྟགས་གསལ་ཐོར”འགྱུར་བར་བྱས་ཡོད། མིག་སྔར་བརྟག་དཔྱད་ཞིབ་འཇུག་ཐེངས་561བྱས་པ་དང་། བྱ་ཐབས་722བཏོན་པ། གནད་དོན་379ཐག་གཅོད་བྱས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་སུན་སྣང་བྱེད་ས་དང་། སེམས་ཁྲལ་བྱེད་ས། སེམས་ནད་ཆེ་ས་བཅས་ལ་དམིགས་ཏེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འགོ་ཁྲིད་ལས་བྱེད་པས“དམངས་ཀྱི་འདོད་འདུན་སྒྲུབ། ཞུ་སྦྱོར་འཕྲལ་དུ་སྒྲུབ”པའི་ལམ་སྲོལ་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི“ངོ་བཅར”དེ་ལས་བྱེད་པས་རང་འགུལ་ངང“གཤམ་འོག་ལ་བཅར་འདྲི”བྱེད་པར་འགྱུར་ནས་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐོན་མ་ཐག་ནས་ཐག་གཅོད་བྱེད་ཀྱི་ཡོད། འགོ་ཁྲིད་ལས་བྱེད་པས་ངོ་བཅར་དང་ལེན་དང་གཤམ་འོག་ཏུ་བཅར་འདྲི་ཐེངས་909བྱས་པ་དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གཙོ་གནད་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་འགན་གཙང་བླངས་ཏེ། ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་སེལ་བའི་ལས་ཀ་དེ་ཏང་སྲིད་ཀྱིས་ལྟ་ཞིབ་དང་སྒྲིག་ཨུད་ཀྱིས་ཏང་སྲོལ་སྲིད་སྲོལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ནང་དོན་གལ་ཆེན་ནང་བཅུག་ནས་དོན་དག་རེ་རེ་བཞིན་ཐག་གཅོད་བྱས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས“མི་སེར་གྱི་བྱ་བ་ངས་སྒྲུབ”ཞེས་པའི་ཆེད་སྒྲིག་ལེ་ཚན་གཉེར་ནས་རླངས་འཁོར་ཚད་ལྡན་ངང་མི་འཇོག་པ་དང་ཁྲོན་པའི་ཁེབས་གཅོད་གཏོར་སྐྱོན་ཕོག་པ་སོགས་ཀྱི་དམངས་འཚོའི་གནད་དོན་46བསྡུ་རུབ་བྱས་པ་དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“འཐབ་ས་དང་པོའི་ལས་ཀའི་བྱ་ཐབས”ལག་ལེན་བསྟར་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་གཙོ་བོ། སྐྱེ་ཁམས་སྲུང་སྐྱོང་གི་གཡུལ་ས་གཙོ་བོ་བཅས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལས་དོན་བསྒྲུབས་ནས་དམངས་འཚོའི་རྣམ་གྲངས་314གསེད་བཀྲོལ་བྱས་པ་དང་གནད་དོན་ཁག་392ཐག་གཅོད་བྱས་པས་མང་ཚོགས་མི་ཐེངས་ཁྲི་33.62ལ་ཕན་པ་ཐོབ་ཡོད།