དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདམ་གཞུང་རྫོང་སྤྱི་བདེ་ཅུས་ཀྱིས།

    ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ལྷུན་གྲུབ་ཞིང་རར་ལྟ་སྐོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-08

    བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར། འདམ་གཞུང་རྫོང་སྤྱི་བདེ་ཅུས་ཀྱིས་ཏང་ཀྲི་པུའུ་ཁག་གི་ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པའི་འཐུས་མི་ཁྱོན་47སྒྲིག་འཛུགས་བྱས་ནས་ལྷུན་གྲུབ་ཞིང་རར་ལྟ་སྐོར་ལ་བསྐྱོད་པ་རེད། གསལ་འགྲེལ་བའི་སྣེ་ཁྲིད་འོག་ཚང་མས་ཞིང་རའི་ལོ་རྒྱུས་འགྲེམས་ཁང་དང་། ཞིང་རའི་གཞུང་ལས་ཁུལ། ཉལ་ཁང་ཁུལ་བཅས་ལ་སྔ་རྗེས་སུ་ལྟ་སྐོར་བྱས་པ་མ་ཟད། ཞིང་རའི་ཚོམས་ཆེན་དུ《གཞོན་ནུ་ཤེས་ཡོན་ཅན་ཁྱིམ་དུ་ལོག་སོང》སོགས་དངོས་མཚོན་གློག་བརྙན་བལྟས་པ་དང་། ས་གནས་ས་ཐོག་ཏུ་གསལ་འགྲེལ་དང་དངོས་མཚོན་གློག་བརྙན་ལ་བལྟས་པ་བརྒྱུད། གཞོན་ནུ་ཤེས་ཡོན་ཅན་གངས་ལྗོངས་ས་མཐོར་གཞིས་ཚུགས་ནས་བོད་ཀྱི་ཞིང་ལས་འཕེལ་རྒྱས་དང་ཞིང་ཆུ་འདྲེན་པ་སོགས་ཐོན་སྐྱེད་ལ་ཞུགས་པའི་སྤྲོ་སེམས་ཟབ་མོ་མི་ཚང་མར་ཚོར་དུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།