དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མལ་གྲོ་གུང་དཀར་རྫོང་གིས།

    ཞིང་འབྲོག་པའི་ཨར་ལས་རྩལ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-08

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་བོད་ལྗོངས་ཀྲུའུ་ལེ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་རང་སྐྱོང་ལྗོངས་བཟོ་སྐྲུན་ལས་རིགས་མཐུན་ཚོགས་ཀྱི་རིགས་གཅིག་མཁས་ཅན་དང་། རིམ་པ་དང་པོའི་བཟོ་སྐྲུན་མཁས་ཅན། རིམ་མཐོའི་བཟོ་བཀོད་པ་དགེ་རྒན་སུའུ་ཆིང་གདན་དྲངས་ཏེ། རྫོང་སྲིད་གཞུང་གི་སྒོ་རའི་ནང་དུ་ཞིང་འབྲོག་པའི་ཨར་ལས་རྩལ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པར་ཞིང་འབྲོག་པའི་ཨར་ལས་རུ་ཁག་50ལྷག་ཙམ་གྱི་མི་110ལྷག་ཙམ་ཞུགས་ཡོད་པ་རེད།

    གསོ་སྦྱོང་ལ་དངོས་གཞི་འགྲེམས་སྟོན་དང་རིགས་པའི་གཞུང་ལུགས་འགྲེལ་བཤད་ཕན་ཚུན་ཟུང་འབྲེལ་བྱས་པ་བརྒྱུད། བཟོ་བཀོད་ཀྱི་ཕྱི་རྩིག་གི་རྣམ་པའི་བཟོ་རྩལ་དང་། རྒྱུ་ཆ་འདེམས་པ། བརྒྱུད་རིམ། དོ་སྣང་བྱེད་དགོས་པའི་གནད་དོན་སོགས་ནང་དོན་ལ་གཙོ་གནད་དམིགས་ནས་ཡུལ་དངོས་སུ་སློབ་ཚན་ཁྲིད་པ་རེད།

    འབྲེལ་ཡོད་འགན་འཁུར་བས། ཐེངས་འདིའི་གསོ་སྦྱོང་གཉེར་བ་བརྒྱུད། རྫོང་ཡོངས་ཀྱི་ཞིང་འབྲོག་པའི་ཨར་ལས་རུ་ཁག་གི་ལག་རྩལ་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཚད་ལྡན་ཅན་འཛུགས་སྐྱོང་ལ་རིམ་བཞིན་སྐུལ་འདེད་ཐེབས་པ། ཞིང་འབྲོག་པའི་ཨར་ལས་རུ་ཁག་གིས་སྐྲུན་འགན་འཁུར་བའི་ལས་གྲྭའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཞིང་འབྲོག་པ་ལས་ཞུགས་ཐུབ་ཚད་དང་ཞིང་འབྲོག་པས་ལས་གཏོད་བྱེད་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་ནས། མལ་གྲོ་གུང་དཀར་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནང་སྐྱེས་ཀྱི་སྒུལ་ཤུགས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།