དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “གཞི་རིམ་དུ་སྤེལ་བ་བཞིའི”ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་བྱེད་པ།

    —— ལྷུན་གྲུབ་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-08

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷུན་གྲུབ་རྫོང་ཨུད་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་རྩི་བ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འགོ་ཁྲིད་ལས་བྱེད་པས“གཞི་རིམ་དུ་སྤེལ་བ་བཞི”དང“འབྲེལ་གཏུག་བཞི་དང་འགན་གཙང་བཞིའི”ལས་དོན་ལམ་སྲོལ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། འབྲོག་ཁུལ་གྱི་རྩྭ་ར་དང་། ཞིང་ནང་མུ་ཁ། གྲོང་ཚོ་དང་ཞིང་ཁྱིམ། དགོན་སྡེའི་གྲྭ་ཤག་སོགས་སུ་བསྐྱོད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། དམངས་ཕན་སྲིད་ཇུས་སྣ་ཚོགས་བཅས་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན། “དོན་ཆེན་བཞི”དང་། “འགན་ལེན་བཞི”“འཛུགས་གཏོད་བཞི” “མདུན་གྲལ་དུ་སླེབས་པ་བཞི”སོགས་ཀྱི་འབྲེལ་ཡོད་ནང་དོན་སྒྲོག་འགྲེལ་བྱས་ནས། “གཞི་རིམ་དུ་སྤེལ་བ་བཞིའི”ཁྱད་ལྡན་གྱི་ཐོན་ཁུངས་དང་རྩ་ཆེའི་རྒྱུ་ནོར་ལ་བརྟེན་ཏེ་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་ལུས་ཚུགས་པ་དང་མང་ཚོགས་ལ་སེམས་པ་ཕྱོགས་པར་སྐུལ་འདེད་བཏང་ནས། སྲིད་ཇུས་འགྲེལ་བཤད་རྒྱག་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། བྱ་བ་དངོས་སྒྲུབ་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སྤྱོད་ཐུབ་པར་བྱས་ཡོད།

    ཉེ་ཆར། ལྷུན་གྲུབ་རྫོང་མི་སྤྱི་ཅུས་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱིས་རང་སར་མཐུན་སྦྱོར་བྱས་པ་བརྒྱུད། ཀུང་སི་ཞིག་གི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་ཞིང་པ་ལས་མི་51ལ་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་59.93ལེན་རོགས་བྱས་པ་དང་། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་ཐང་མགོ་ཤང་གིས་ཟླ་རེའི“ཞུ་བཅར་ཉིན་མོའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཤང་ཡོངས་ཀྱི་ཁྱབ་ཁོངས་སུ《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་གྲུབ་འབྲས་ཐོབ་པའི་ངང་བསལ་ནས་ཞིང་པ་ལས་མིར་ཆད་པའི་གླ་ཆ་སྒོར་ཁྲི་87.2ལེན་རོགས་བྱས་ཡོད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། ལྷུན་གྲུབ་རྫོང་གིས“འབྲེལ་གཏུག་བཞི་དང་འགན་ལེན་བཞིའི”ལས་དོན་ལམ་སྲོལ་དང་འགོ་ཁྲིད་ལས་བྱེད་པས“གཞི་རིམ་དུ་ཞུ་བཅར་ཉན་པའི་བྱེད་སྒོ་ཆེན་པོ་དང་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ཏེ། ཟླ་རེའི་ཚེས་16ཉིན་གྱི་འགོ་ཁྲིད་ལས་བྱེད་པའི“ཞུ་བཅར་ཉན་པའི་ཉིན་མོའི”བྱེད་སྒོ་དང་བསྟུན་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཞིང་འབྲོག་མང་ཚོགས་ཀྱི་ཞུ་བཅར་ཉན་ཏེ། མི་སེར་དང་མཉམ་དུ་རྐུབ་སྟེགས་གཅིག་ལ་བསྡད་དེ་ངོ་ཐུག་གདོང་འཕྲད་ངང་སེམས་གཏམ་ཤོད་རེས་དང་། མང་ཚོགས་ཀྱི་རེ་འདུན་ཉན་པ། དཀའ་ངལ་དངོས་ཐག་གཅོད་བཅས་བྱས་ཡོད། ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག་བྱས་པ་བརྒྱུད། ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་ཐུབ་པ་དང་། ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ལ་བྱ་བ་བསྒྲུབས་ནས་སེམས་ཀྱི་རྡོག་ཁྲེས་ཕབ་པ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྡེ་ཚན་56“འབྲེལ་གཏུག་བཞི་དང་འགན་ལེན་བཞིའི”ལས་ཀར་ཞུགས་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་150ལྷག་ཙམ་གྱིས་གཤམ་དུ་འཚམས་འདྲིར་བསྐྱོད་དེ་ཞུ་བཅར་ལ་ཡོང་མཁན་གྱི་མང་ཚོགས་ལ་སྣེ་ལེན་ཞུས་ནས་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་9ཐག་གཅོད་བྱས་ཡོད།

    ལྷུན་གྲུབ་རྫོང་གིས《རྫོང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རབ་ཏུ་དར་བ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》འཐུས་སྒོ་ཚང་དུ་བཏང་ཞིང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”དང“དངོས་སྡོད་ཞིབ་འཇུག”སོགས་ཀྱི་བྱ་ཐབས་བརྒྱུད། གཞི་རིམ་དུ་བརྟག་ཞིབ་གཏིང་ཟབ་བྱས་ནས་གནད་དོན་སྣ་ཚོགས་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་བྱ་གཞི་21གཏན་འཁེལ་བྱས་པ་དང་། གཞི་རིམ་དུ་བརྟག་ཞིབ་ཐེངས་34བྱས་པ། གནད་དོན་58ཤེས་རྟོགས་བྱས་པ། གནད་དོན་32ཐག་གཅོད་བྱས་པ། གནད་དོན་གྱི་གསལ་ཐོ་62ལེགས་སྒྲིག་བྱས་པ། དག་ཐེར་གྱི་བྱེད་ཐབས་198བཏོན་པ་བཅས་བྱས་ཡོད། ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད། མཚོ་སྟོད་ཤང་ཁྲིམས་འཛིན་ཁང་བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་ཡི་རྣམ་པའི”ཁྲིམས་འཛིན་ཁང་གི་མིང་བཏགས་པ་དང་འབྲེལ་གཟེངས་བསྟོད་དང་སྒོ་བྱང་ཡང་སྤྲད་ཅིང་། འགལ་ཟླ་དང་རྩོད་རྙོག་འདུམ་འགྲིག་ལམ་ལྷོངས་བྱུང་བའི་ཉམས་མྱོང་དང་བྱེད་ཐབས་གཅིག་བོད་ཀྱི་སྲིད་ཁྲིམས་ལས་དོན་གྱི་དཔེ་མཚོན་གྱོད་དཔེར་བཅུག་ནས་འགལ་ཟླ་དང་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་སེམས་ཀྱི་རྡོག་ཁྲེས་དངོས་འབྲེལ་ཕབ་ཡོད།

    ཟླ་11པའི་ཟླ་འགོར། ལྷུན་གྲུབ་རྫོང་ཕུ་མདོ་ཤང་སྟག་ལུང་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་མཛད་སྒོ་འཚོཌ་པ་དང་། ཁྱོན་མང་ཚོགས་དུད་ཚང་229ཡི་མི་1123ལ་བགོ་འགྲེམས་རག་པ་དང་། མི་རེར་གཟན་རྩྭ་ཆག་པ་5ཡི་ཚད་གཞི་ལྟར་ཆག་པ་5615སྤྲད་པ་དངུལ་སྨར་ལ་ཕབ་ན་སྒོར་ཁྲི་24ལྷག་ཙམ་ཟིན་གྱི་ཡོད། ལྷུན་གྲུབ་རྫོང་ཕུ་མདོ་ཤང་སྟག་ལུང་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྐུལ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། འབྲོག་ལས་གཞི་རྟེན་དུ་བྱས་ནས་ད་ཡོད་ཀྱི་མཉམ་སྡེབ་དཔལ་འབྱོར་གང་འགབ་ཅི་སྤྱོད་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རང་བརྟེན་ནུས་པ་བཏོན་པས། གཞུང་དོན་བསྒྲུབ་ཡུལ་གཞི་རིམ་གྱི་འཐབ་ས་དང་པོར་སླེབས་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། ལྷུན་གྲུབ་རྫོང་གིས“འཐབ་ས་དང་པོའི་ལས་དོན་སྒྲུབ་སྟངས”ཁྱབ་གདལ་ཤུགས་ཆེན་བཏང་ནས། འཐབ་ས་དང་པོར་གནད་དོན་ཤེས་རྟོགས་དང་། གནད་དོན་ཐག་གཅོད། ལས་དོན་དོན་ཐོག་ཏུ་འཁྱོལ་བ་བཅས་མཐའ་འཁྱོངས་བྱས་ཤིང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”དང་དམངས་འཚོའི་བྱ་བ་དངོས་21ལ་དམིགས་ཏེ་རང་སར་གཞུང་དོན་ཐེངས་53བསྒྲུབས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་10དང་། ཁེ་ལས་ཀྱི་གནད་དོན་6 གྲོང་སྡོད་ལས་དོན་གྱི་གནད་དོན་4བཅས་ཐག་གཅོད་བྱས་པ་དང་། རྨང་བརྟན་དམངས་ཕན་གྱི་རྣམ་གྲངས་འཛུགས་སྐྲུན་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། གཞི་རིམ་ཏང་རྩ་འཛུགས་ཀྱི་རྟེན་གཞི་འཛུགས་སྐྱོང་སོགས་དམངས་འཚོའི་བྱ་བ་དངོས་31དོན་འཁྱོལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།