དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཉིས་ཀར་དམ་འཛིན་དང་། གཉིས་ཀ་མི་འཕྱུགས་པ། གཉིས་ཀར་སྐུལ་འདེད་གཏོང་དགོས།

    ཀྲུང་དབྱིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-07

    “ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཞིག་རེད་ལ་གཞི་རྩའི་འགན་ལེན་ཞིག་ཀྱང་རེད” ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཏན་ཏིག་སྤེལ་བ་སོགས་ལ་དམིགས་ནས་བླང་བྱ་ཁ་གསལ་བཏོན་གནང་ཞིང་། ཁོང་གིས“བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མཇུག་འགྲིལ་ཉེར་ཡོད་པས། ཚད་གཞི་དམའ་རུ་མི་གཏོང་བ་དང་ངར་ཤུགས་ཆུང་དུ་མི་གཏོང་བ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཕྱོགས་ཁག་གི་ལས་དོན་ཟུང་འབྲེལ་བྱས་ནས། གཉིས་ཀར་དམ་འཛིན་དང་། གཉིས་ཀ་མི་འཕྱུགས་པ། གཉིས་ཀར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་འདི་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད་ལ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ས་གནས་ཁག་གིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་དེ་བས་མཐོང་ཆེན་དང་། རིགས་དབྱེའི་མཛུབ་ཁྲིད་ལ་དེ་བས་མཐོང་ཆེན། རྨང་རྩ་གཉིས་བརྟན་ལ་དེ་བས་མཐོང་ཆེན། སྤྱི་འདོམས་མཐུན་སྦྱོར་ལ་དེ་བས་མཐོང་ཆེན། འགོ་ཁྲིད་དང་མཛུབ་ཁྲིད་ལ་དེ་བས་མཐོང་ཆེན་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་དམངས་ལ་བདེ་རྩ་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཅངས་པ་དང་། ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ། “གནད་དོན་གཅིག་ལ་དབྱེ་ཞིབ་བྱེད་པ”བརྒྱུད“གནད་དོན་རིགས་གཅིག་ཐག་གཅོད་བྱེད་པར”སྐུལ་འདེད་བཏང་སྟེ། སློབ་སྦྱོང་དང་ལས་ཀའི་སྤྲོ་སེམས་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་དངོས་སུ་གྱུར་པར་བྱས་པ་དང་ཕྱོགས་ཁག་གི་ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། མཇུག་བསྡུའི་དུས་སུ་སླེབས་པ་དང་དེ་བས་འགོ་མཇུག་གཟབ་འཁྱོངས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོར་སྤུས་ཚད་མཐོ་བའི་ཕན་འབྲས་ཐོན་པར་དམ་འཛིན་བྱས་ནས་ཕན་འབྲས་ཁ་ཡོད་ལག་ཡོད་ཐོན་པའི་འགན་ལེན་བྱེད་དགོས།

    གནས་ལུགས་ནི་སྟབས་བདེ་དང་དངོས་སྒྲུབ་ནི་འགག་རྩ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མང་ཚོགས་ཀྱི་ཉེ་འགྲམ་དུ་སྤེལ་བ་དང་། མང་ཚོགས་དང་འབྲེལ་བ་དེ་བས་ཐད་ཀར་ཡིན་པ། འགལ་ཟླ་དང་གནད་དོན་དེ་བས་རྙོག་འཛིང་ཆེ་བའི་སྐབས་མང་ཚོགས་ཀྱིས་ཐག་གཅོད་ཐུབ་རེ་བྱེད་པའི་གནད་དོན་དེ་བས་ཞིབ་ཕྲ་ཡིན་པ་བཅས་གཞི་རིམ་དུ་སྐྱོད་སྐབས“ཏན་ཏིག”མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ཚད་གཞི་དམའ་རུ་མི་གཏོང་བ་དང་ངར་ཤུགས་ཆུང་དུ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ངེས་པར་དུ་ཏན་ཏིག་གི་བླང་བྱ་འདི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས།

    དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་། “གཞི་རིམ་དུ་སྐྱོད་པ་བཞི”སློབ་སྦྱོང་དང་ཁྱབ་སྤེལ་གཏོང་བ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་དེ་ཤུགས་རྒྱག་སར་བརྩི་བ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་འཚོལ་བཤེར་སོགས་ཀྱི་གཙོ་གནད་བྱ་ཐབས་འབྲེལ་མཐུད་བྱས་ནས། དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བར་བྱེད་པ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་ལ་འབབ་པར་བྱེད་དགོས། བྱ་བ་ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། དངོས་ཕན་ཐོབ་པར་འབད་བརྩོན་མང་ཙམ་དང་ཕྱི་ཚུལ་ལ་ཤུགས་ཉུང་ཙམ་རྒྱག་པ་དང་། ཕྱིའི་རྣམ་པ་ཙམ་དང་རྣམ་པ་གསར་རྐྱང་མི་བྱེད་པར་སྤྱོད་ཚུལ་ནན་པོའི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་བྱེད་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་རིང་བཙུགས་པའི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་གྱི་ནུས་པ་མུ་མཐུད་ཡག་པོ་བཏོན་ཏེ། “སེམས་ལྷོད་ལ་འབབ་པ”དང“ངལ་གསོ་རྒྱག་པའི”ཕྱོགས་ལྷུང་སྔོན་འགོག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་མགོ་ཡོད་མཇུག་ཡོད་དང་སྒྲུབ་མཁས་པོ་ཡོང་བར་འགན་ལེན་བྱེད་དགོས།

    ལག་ལེན་གྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་པ་དང་སློབ་སྦྱོང་གི་དམིགས་ཡུལ་ནི་བེད་སྤྱོད་རྒྱུ་དེ་རེད། སློབ་གསོ་དང་ལག་ལེན་གཉིས་ཀར་དམ་འཛིན་དང་། གཉིས་ཀ་མི་འཕྱུགས་པ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་ཐ་དད་དུ་མི་འགྱུར་བ་བྱས་ཚེ། གཞི་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་ཐུབ། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དང་། ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་ནས་ལག་ལེན་དངོས་ལ་བེད་སྤྱོད་པའི་ཕྱོགས་སུ་བསྒྱུར་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་དང་། ཏང་ཡོན་དང་ལས་བྱེད་པའི་འགན་འཁྲི་ཁུར་ནུས་ཆེ་རུ་གཏོང་བ་དང་འགན་འཁྲི་ཁུར་སེམས་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་བྱེད་དགོས། ལོ་མཇུག་དང་ལོ་འགོར། ལོ་ཧྲིལ་པོའི་ལས་དོན་མཇུག་བསྡུ་བ་དང་ལོ་གསར་པའི་ལས་དོན་འགོ་འཛུགས་པའི་ལས་འགན་ལྗིད་རྫོབ་ཆེ་ལ་ལས་འབོར་ཡང་ཆེན་པོ་ཡོད། སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ལྟེ་བའི་ལས་དོན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་གཉེར་བ་དང་འདི་ལོའི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པར་སྤྱི་འདོམས་ཡག་པོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་སྐུལ་འདེད་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་ལས་མཚོན་པར་བྱེད་པ་དང་། ལྟེ་བའི་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།

    ང་ཚོ་ལྟ་བུའི་འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་ཀྱི་ངོས་ནས་བརྗོད་ན། རིགས་པའི་གཞུང་ལུགས་སྟོབས་ཆེར་སོང་ན་ཁ་ཕྱོགས་གསལ་བ་དང་། མི་སེམས་མཐུན་པ། གདིང་ཤུགས་བརྟན་པོ་བཅས་ཡོང་ཐུབ། རྒྱུན་བསྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་། ཚད་གཞི་དམའ་རུ་མི་གཏོང་བ་དང་ངར་ཤུགས་ཆུང་དུ་མི་གཏོང་བ་མཐའ་འཁྱོངས་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོར་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དངོས་དངོས་རྗེན་རྗེན་གྱི་དམ་འཛིན་ཡག་པོ་བྱེད་པ། དག་ཐེར་གྱི་མངོན་གསལ་དོད་པའི་གནད་དོན་དངོས་དངོས་རྗེན་རྗེན་ངང་འཚོལ་བཤེར་བྱེད་པ། དམངས་བདེ་དམངས་ཕན་གྱི་བྱ་བ་དངོས་དངོས་རྗེན་རྗེན་ངང་ཡག་པོ་སྒྲུབ་པ། གཉིས་ཀར་དམ་འཛིན་དང་། གཉིས་ཀ་མི་འཕྱུགས་པ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་དམངས་ཀྱི་ཡིད་ཆེས་ཐོབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།