དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རོགས་སྐྱོར་ལམ་གྱི་བུད་མེད་ཕྱུགས་རིགས་སྨན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-07

    འདི་ནི་2023ལོའི་ཟླ་11ཚེས་25ཉིན། ཕྱུགས་རིགས་སྨན་པ་ཕན་ཁྲུན་མའེ་ཡིས་བྲག་ཚང་གྲོང་ཚོར་ནོར་ལུག་གི་ཤ་ཤེད་གནས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་པ།

    དགུན་ཁ་ཤར་ཚུན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་འདབ་པ་རྫོང་བཅིངས་འགྲོལ་གྲོང་རྡལ་གྱི་རི་སྟེང་དུ་ཁ་བས་བཀླུབས་ནས་གནམ་གཤིས་གྲང་མོ་ཡོད། ཕན་ཁྲུན་མའེ་ཡིས་སྨན་ཁུག་རྒྱབ་ཏུ་ཁུར་ནས་བྲག་ཚང་གྲོང་ཚོའི་ལུག་གི་ཤ་ཤེད་གནས་ཚུལ་ཤེས་རྟོགས་བྱས་ནས་གྲོང་མི་ཚོར་རིམས་ནད་སྔོན་འགོག་ཤེས་བྱ་ཁྱབ་གདལ་བཏང་བ་དང་སྨན་རིན་མི་དགོས་པར་ཕྱུགས་སྨན་སྤྲད་པ་རེད། “གྲོང་མིར་ཕྱུགས་རིགས་ཀྱི་ཤ་ཤེད་ཡག་པོ་ཡོང་བར་རོགས་རམ་བྱས་ནས་འབྲོག་ལས་ཀྱི་ཐོན་འབབ་ཆེ་རུ་གཏོང་བ་ནི་ངའི་ལས་ཀའི་དམིགས་ཚད་ཡིན” “ཕྱུགས་རིགས་སྨན་པ་བོད་ཁྱིམ་དུ་སྐྱོད་པའི”འཆར་གཞི་ལག་བསྟར་བྱེད་མཁན་ཕན་ཁྲུན་མའེ་དང་ལས་རོགས་ཚོས་དུས་བཀག་ལྟར་ཕྱུགས་རིགས་ཀྱི་ཤ་ཤེད་ལ་བརྟག་དཔྱད་བྱས་ནས་ཞིང་འབྲོག་པར་གསོ་ཚགས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་བ་དང་ཕྱུགས་སྨན་བསྐྱལ་ཏེ། བོད་རིགས་ས་ཁུལ་གྱི་འབྲོག་ལས་འཕེལ་བར་ལག་རྩལ་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    ཕན་ཁྲུན་མའེ་ནི་འདབ་པ་རྫོང་དུ་བོད་སྐྱོར་ལ་ཡོང་ཐེངས་གཉིས་པ་ཡིན་ཞིང་། 2016ལོར་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་ལེང་ཧྲན་ཀྲོའུ་ཅིན་དབྱང་རྫོང་དང་པུའུ་ཐུའོ་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་བསྒྲུབས་པ་ནས་བརྩིས་ན་ཁོང་གིས་རོགས་སྐྱོར་ལམ་བུའི་ཐོག་ལོ་7བསྐྱོད་ཡོད། “དཀའ་ངལ་ཇི་ཙམ་འཕྲད་རུང་སྐྱོན་མི་འདུག བོད་ཡུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་པ་ནི་གྲུབ་འབྲས་ཆེ་ཤོས་རེད”ཅེས་ཕན་ཁྲུན་མའེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།