བོད་དུ་མི་ཚེའི་དོན་སྙིང་མངོན་འགྱུར་བྱེད་པ།
ཧྲན་ཤིས་ཞིང་ཆེན་ལིའུ་ལིན་རྫོང་ནས་ཡིན་པའི་ཧུའུ་ཞའོ་ནཱ་ནི་ཧྲན་ཤིས་ཀྱི་བུ་མོ་ས་སྐྱེས་རྡོ་སྐྱེས་ཤིག་རེད། 2016ལོའི་ཟླ་8པར། སློབ་ཆེན་ཐོན་པའི་ཁོང་གིས་ནུབ་རྒྱུད་འཆར་གཞིར་རྒྱུགས་སྤྲད་ནས་ཀྲུང་དབྱང་ཁེ་ལས་ཀྱི་ལས་ཀ་བློས་བཏང་སྟེ་མེ་འཁོར་ལ་བསྡད་དེ་བོད་ལ་ཡོང་། བོད་དུ་སླེབས་རྗེས་ཧུའུ་ཞའོ་ནཱ་ཉིང་ཁྲིའི་མི་སྤྱི་ཅུས་ལ་ལས་བགོས་བརྒྱབ། གཙོ་བོ་སྤྱི་རྟགས་དོ་དམ་དང་། ཆ་འཕྲིན་ཁྱབ་བསྒྲགས། ལས་སྒོ་དྲིལ་བསྒྲགས་སོགས་ཀྱི་ལས་འགན་འཁུར་གྱི་ཡོད། རྩ་འཛུགས་ཀྱི་ཡིད་ཆེས་དང་དེ་བཞིན་མི་སྒེར་གྱི་འབད་བརྩོན་ལྷོད་མེད་ལས་མགྱོགས་མྱུར་ལས་ཀ་དེ་བྱང་ཆུབ་པོ་ཆགས་ཡོད། ལོ་གཅིག་གི་དུས་ཚོད་ནང་ཧུའུ་ཞའོ་ནཱ་ཡིས་ཉིང་ཁྲི་གྲོང་ཁྱེར་གྱིས་གཉེར་བའི་བྱེད་སྒོ་ཆེ་གྲས་སྣ་ཚོགས་ལ་ཞུགས་པ་མ་ཟད། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་ལས་ཀ་ལེགས་སྒྲུབ་ཐུབ་པས་ལས་ཀའི་སྤྲོ་བ་ཆེན་པོ་འཕེལ་ཡོད།
ལོ་གཉིས་དང་ལོ་ཕྱེད་རིང་གི་དང་བླངས་པའི་འཚོ་བ་མཇུག་འགྲིལ་མ་ཐག་ཕ་མ་གཉིས་པོས་ཁོང་ལ་ཕ་ཡུལ་དུ་ལོག་ནས་ལས་ཀ་བྱེད་པའི་ལྕག་སྐུལ་བྱས། མུ་མཐུད་བོད་དུ་སྡོད་པ་དང་ཕ་ཡུལ་དུ་ལོག་པའི་གདམ་ག་བྱེད་སྐབས་ཧུའུ་ཞའོ་ནཱ་ཡིས་མཐར་བོད་དུ་སྡོད་པའི་སེམས་ཐག་བཅད། ཁོང་གིས་ད་ཐེངས་ནི་འཚོ་བ་ཉམས་ལེན་བྱེད་པ་ཞིག་མིན་པར། ཚེ་མཇུག་ཕ་ཡུལ་དང་བར་ཐག་ལེ་དབར་སྟོང་གིས་ཆོད་པའི་གྲོང་ཁྱེར་འདིར་འཚོ་བ་སྐྱེལ་དགོས་པ་གསལ་པོ་ཤེས་མོད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་གདམ་ག་དེ་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
ད་ཆ་ཧུའུ་ཞའོ་ནཱ་ནི་བོད་དུ་སྡོད་པའི་དངོས་གཞིའི་ལས་བྱེད་པ་ཞིག་ཡིན་པ་དང་གཙོ་བོ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཞབས་འདེགས་ཞུ་བའི་ལས་ཀ་བྱེད་ཀྱི་ཡོད་པ་རེད།
ལས་ཞོར་དུ་ཧུའུ་ཞའོ་ནཱ་ཡིས་དེ་སྔའི་དྲིལ་བསྒྲགས་ཀྱི་ལས་ཀ་བྱས། ཁོང་གིས་དང་བླངས་ཞབས་འདེགས་ཞུ་རིང་གི་ཉམས་མྱོང་གང་ལེགས་སྤྱད་དེ་རང་ཉིད་ཀྱི་ལེགས་ཆར་བརྟེན་ནས་རང་སྨྱན་སྦྱོར་གྱི་ཨང་རྟགས་བཏོད་དེ་ཉིང་ཁྲིའི་རྫོང་ཚང་མར་བསྐྱོད་པ་དང་བོད་ཀྱི་མངའ་རིས་ཕུད་པའི་གྲོང་ཁྱེར་གཞན་དག་དྲུག་ཏུ་བསྐྱོད་ནས་རང་ཉིད་ཀྱིས་མཐོང་བའི་བོད་ཀྱི་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་པར་བརྒྱབ་པ་མ་ཟད། མེ་ཏོག་དང་། གནམ་ལྕགས་འབར་བ་སོགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དྲིལ་བསྒྲགས་བྱས་པར་ལྟ་མཁན་མི་ཐེངས་ཁྲི་500ལྷག་ཙམ་ཟིན་ཡོད།
ཧུའུ་ཞའོ་ནཱ་ཡིས་དང་བླངས་པ་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མཚོན་པར་བྱས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་དང་བླངས་པ་ཞིག་གི་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་ཕུལ་ཏེ་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།