དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཞུམ་མེད་སྙིང་སྟོབས་རྒྱུན་བསྐྱངས་ནས། བདེ་སྐྱིད་སྒོ་མོ་ཡངས་པོར་ཕྱེ།

    —— རང་ལྗོངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་བཏང་བའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-07

     ཉེ་དུས་རང་ལྗོངས་ཀྱིས“ས་གཞི་ཆེན་པོར་གླུ་དབྱངས་ལེན། བརྩེ་བ་ཟབ་མོས་མཉམ་དུ་སྐྱོད”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་དབང་པོ་སྐྱོན་ཅན་ལ་རིག་རྩལ་རྩལ་ནུས་ངོམ་པ་དང་གདེང་ཚོད་ཆེ་རུ་གཏོང་བའི་ལས་སྟེགས་ཤིག་བསྐྲུན་ནས། དབང་པོ་སྐྱོན་ཅན་དེ་བས་མང་བ་སྤྱི་ཚོགས་སུ་བསྐྱོད་དེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་སྐུལ་ལྕག་བཏང་ཞིང་། འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    འདི་ལོ་ཧྲན་ཏུང་ཅི་ནན་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་བདུན་པ་དང་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་རྩལ་ནུས་འགྲེམས་ཚོགས་སྐབས་བཞི་པར་གསར་འགོད་པར་འགྲན་བསྡུར་ལ་ཞུགས་མཁན“90པའི་ནང་སྐྱེས”ཀྱི་ཉི་མ་རྡོ་རྗེ་ཟེར་བ་ཞིག་ངོ་ཤེས་བྱུང་། ཁོང་སྐྲ་བཞར་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    འགྲན་བསྡུར་རིང་ཉི་མ་རྡོ་རྗེས་བློ་རྩེ་གཅིག་སྒྲིམ་གྱིས་འགྱིག་གསོབ་ཀྱི་སྐྲ་རྫུས་མར་བཟོ་ལྟ་བཟོ་བ་དང་ཚོས་རྒྱག་པ་སོགས་ལས་ལག་རྩལ་བྱང་ཆུབ་ལ་གདེང་ཚོད་ཀྱིས་ཁེངས་པ་མངོན། ཉི་མ་རྡོ་རྗེས་གསར་འགོད་པར་ང་ཡིས་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་འདེགས་ལྟེ་གནས་སུ་སྐྲ་བཞར་རྩལ་སྦྱངས་པ་ཡིན། ད་བར་ལོ་བཅུ་ལྷག་ཙམ་ཕྱིན་སོང་། “ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་རྗེས། ངའི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་འཇོན་ཐང་ཆེ་རུ་ཕྱིན་སོང་ལ། ངའི་ཕུགས་བསམ་ཡང་དེ་བས་བརྟན་དུ་ཕྱིན་སོང་། ང་ནི་མཛེས་པོར་ཧ་ཅང་དགའ་བའི་མི་ཞིག་ཡིན། རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དག་གིས་རང་ཉིད་དང་། ནང་མི། དེ་བཞིན་ཉེ་འཁོར་གྱི་མི་ཚང་མ་མཛེས་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སློབ་གསོ་ལས་ཞུགས་པུའི་པུའུ་ཀྲང་གཞོན་པ་ཚེ་རིང་དབང་འདུས་ཀྱིས། རྩལ་ནུས་འགྲན་བསྡུར་ལ་ཞུགས་པའི་ལག་རྩལ་ཙམ་མ་ཟད། ད་དུང་ཁོ་ཚོའི་དུས་རྒྱུན་གྱི་འབད་བརྩོན་ལའང་ཚོད་བགམ་བྱེད་ཀྱི་ཡོད། ད་རེས་འགྲན་ཞུགས་པ་འགྲན་བསྡུར་ལ་ཞུགས་སུ་བཅུག་པའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་འགྲན་ཞུགས་པའི་རང་བརྟེན་རང་སྟོབས་དང་རང་རྐྱ་འཕེར་བའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ནས། ཁོ་ཚོས་ལྗོངས་ཕྱིའི་ཉམས་མྱོང་དང་བྱེད་ཐབས་བཟང་པོར་སློབ་སྦྱོང་དང་དེ་དག་དཔྱད་གཞིར་བཟུང་སྟེ་རང་ཉིད་ཀྱི་རྩལ་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་ཆེད་རེད། སླད་ཕྱིན་ང་ཚོས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དང་ལས་གཏོད་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ། ཁོ་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་གཏོང་གི་ཡིན་ཞེས་བཤད།

    དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོར་ཞུགས་པ་ནི་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཀྱི་གྲས་ཤིག་རེད། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབ་ཆེད། རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་རིགས་གསོ་སྦྱོང་དང་། ལས་ཞུགས་རོགས་སྐྱོར་ཟླ་བའི་བྱེད་སྒོ། དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་ཚོགས། དབང་པོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་འདེགས་སོགས་རྣམ་པ་སྣ་ཚོགས་བརྒྱུད་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ལས་གཏོད་ཀྱི་སྒོ་མོ་ཕྱེ་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོ་ནས་2023ལོའི་བར་རང་ལྗོངས་སུ་དབང་པོ་སྐྱོན་ཅན་ཁྱོན་1511ལ་གསོ་སྦྱོང་བྱས་པ་དང་དབང་པོ་སྐྱོན་ཅན་1544ལ་ལས་ཞུགས་ལས་གཏོད་ཐུབ་རོགས་བྱས་ཡོད། ལོ་གསུམ་རིང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་འདེགས་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རོགས་སྐྱོར་ཟླ་བའི་བྱེད་སྒོ་གཏིང་ཟབ་སྤེལ་བར་རིམ་རྩིས་བརྒྱབ་ན་དབང་པོ་སྐྱོན་ཅན་839ལ་འཚམས་འདྲི་བྱས་ཏེ་དྲོ་སྐྱིད་སྦྱིན་པ་དང་། ཞབས་འདེགས་ཞུ་བ། ལས་གནས་ངོ་སྤྲོད། སྲིད་ཇུས་དྲིལ་བསྒྲགས་བཅས་བྱས་པ་དང་། ལས་རིགས་ཁག་གི་ལས་གཅེས་ལས་བརྩོན་གྱི་ཕུལ་བྱུང་དབང་པོ་སྐྱོན་ཅན་གྱི་ལས་བཟོ་443དང“དུད་ཚང་གཅིག་ལ་དབང་པོ་སྐྱོན་ཅན་མང་བའི”ལས་ཞུགས་ལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་བྱམས་བརྩེའི་འཚམས་འདྲི་བྱས་ནས་འཚམས་འདྲིའི་དངུལ་སྒོར་ཁྲི་24.68སྤྲད་པ། དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་ཚོགས་ཐེངས་5འཚོགས་པ་དང་། མི་སྤྱོད་ཚན་པ་263གྱིས་ལས་གནས་676མཁོ་འདོན་བྱས་ནས་དབང་པོ་སྐྱོན་ཅན་377ལས་ཞུགས་ཐུབ་པ། དབང་པོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མར་ལས་ཞུགས་ཞབས་འདེགས་ཞུས་ནས་དབང་པོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མ་381ལ་ལས་ཞུགས་ཐུབ་རོགས་བྱས་པ་དང་དབང་པོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མ་142ལ་ལས་ཀ་འཚོལ་ནས་ཁ་གསབ་སྒོར་ཁྲི་28.5སྤྲད་པ་རེད།

    རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་འདེགས་ལྟེ་གནས་ཀྱི་ལས་ཞུགས་ཞབས་འདེགས་པུའི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་འདེགས་ལྟེ་གནས་ཀྱིས་ད་དུང་གཞི་རིམ་དུ་བསྐྱོད་ནས“སྲིད་ཇུས་གསལ་འགྲེལ་དང་། ལས་ཞུགས་མཛུབ་ཁྲིད། ལས་གཏོད་རོགས་སྐྱོར། གསོ་སྦྱོང་སློབ་གསོ”བཅས་ལ་རོགས་རམ་བྱེད་པའི“ལས་ཞུགས་རོགས་རམ་བཞིའི”བྱེད་སྒོ་རྒྱུན་མཐུད་སྤེལ་ནས། མི་ཐེངས་230ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་186ལ་འཚམས་འདྲི་བྱས་པ་དང་འཚམས་འདྲིའི་དངུལ་སྒོར་ཁྲི་11སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།