དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གྲྭ་འབྲིང་ཆུང་གི་སློབ་མར་གུང་ཟས་སྤྲད་པ་དང་ཉིན་གུང་གཉིད་ཉལ་དུ་བཅུག་པ་ལས་དམངས་འཚོར་ཕན་པ་བཏགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-07

    ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ལེ་ཐིང་རྫོང་གིས་སློབ་མ་དང་ཁྱིམ་བདག་གི་དགོས་མཁོར་གཞི་ཚུགས་ནས“སློབ་གྲྭ་འབྲིང་ཆུང་གི་སློབ་མར་གུང་ཟས་སྤྲོད་པ་དང་ཉིན་གུང་གཉིད་ཉལ་དུ་འཇུག་པའི་ཞབས་འདེགས་ཞུ་རྒྱུ”དེ་རྫོང་ཡོངས་ཀྱི་དམངས་འཚོའི་དོན་དངོས་རྣམ་གྲངས་ལ་བཅུག་སྟེ། “སྲིད་གཞུང་གིས་གཙོ་ཁྲིད་དང་། སློབ་གྲྭས་བྱེད་པོ་གཙོ་བོ། སྤྱི་ཚོགས་ཡོངས་ཀྱིས་མཐུན་སྦྱོར་སྐུལ་འདེད་གཏོང་བའི”ཕྱོགས་གསུམ་གཞི་གཅིག་རྣམ་པའི་ཞབས་འདེགས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད། རྫོང་དེས་ཚད་གཞི་ཅན་གྱི་ཁ་ལག་གཡོས་སྦྱོར་ཀུང་སིར་བརྟེན་ནས་སློབ་མ་རྣམས་ལ་འཚོ་བཅུད་ལྡན་ཞིང་བྲོ་བ་ཆེ་ལ་རིན་གོང་ཁེ་བའི་གུང་ཟས་གཡོས་སྦྱོར་ཞབས་འདེགས་ཞུས་པ་མ་ཟད། སློབ་གྲྭའི་ནང་གི་ཆེད་སྤྱོད་སློབ་ཁང་དང་བེད་མེད་ས་ཆ་ཕྱོགས་བསྡུས་ཀྱིས་སྤྱད་དེ་སློབ་མ་རྣམས་ཉིན་གུང་ངལ་གསོ་སའི“དྲོ་སྐྱིད་དགའ་ཚལ”ཞིག་ཀྱང་བཏོད་ཡོད།

    འདི་ནི་ལེ་ཐིང་རྫོང་ཅང་ཀེ་ཀྲོང་ལྟེ་བའི་སློབ་ཆུང་གི་སློབ་མས་ཉིན་གུང་གཉིད་ཉལ་རྗེས་མལ་ཆས་སྡུད་བཞིན་པ།

    འདི་ནི་ལེ་ཐིང་རྫོང་ཧུའུ་ཅ་ཐུའོ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་ཁང་དུ་སློབ་མ་ཚོས་གུང་ཟས་ཟ་བཞིན་པ།

    འདི་ནི་ལེ་ཐིང་རྫོང་གི་བཟའ་བཏུང་ཚོང་གཉེར་ཁེ་ལས་ཤིག་གི་ལས་མིས་སློབ་མར་ཁ་ལག་བགོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།