དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་རོང་རྫོང་དམར་རི་གྲོང་རྡལ་གྱིས“རིག་དཔལ་དར་བའི་ཏང་ཀྲི་པུའུ”འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་ཆེད། འདི་ལོ་ནས་བཟུང་། ལྷོ་རོང་རྫོང་དམར་རི་གྲོང་རྡལ་གྱིས“རིག་དཔལ་དར་བའི་ཏང་འཛུགས་སྐྱོང་ལ་སྐུལ་སྤེལ་དང་། དཔེ་ཀློག་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བའི”བྱེད་སྒོ་འཇུག་སྒོར་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཁོངས་གཏོགས་ཁུལ་གྱི“རིག་དཔལ་དར་བའི་ཏང་ཀྲི་པུའུ”གཏོད་པར་སྐུལ་འདེད་རྒྱུན་མཐུད་བཏང་བ་རེད།

    “ཆབ་སྲིད་ལ་སྣང་ཆེན་བྱེད་པའི”རྨང་གཞི་མངོན་གསལ་དོད་དུ་གཏོང་བར་དོ་སྣང་བྱས་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཟུང་འབྲེལ་གྱིས“རིག་དཔལ་དར་བའི་ཏང་ཀྲི་པུའུ”གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། ཞིང་པའི་དཔེ་དེབ་ཁང་དང་དཔེ་ཀློག་ཁུལ་ཆུང་སོགས་དཔེ་ཀློག་ཁུལ་བརྒྱུད་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་དང་། ནང་དོན། ཁྱད་ཆོས་བཅས་ལྡན་པའི་དཔེ་དེབ་ཁག་གཅིག་དངོས་འབྲེལ་མཁོ་འདོན་བྱས་ནས་ལས་བྱེད་པ་དང་མང་ཚོགས་དེ་བས་མང་བར“ཉིན་ལྟར་ཆུ་ཚོད་གཅིག་དཔེ་དེབ་ཀློག་པ་དང་ཟླ་རེར་དཔེ་དེབ་གཅིག་ཀློག་པའི”གོམས་གཤིས་བཟང་པོ་འཇགས་པར་སྐུལ་འདེད་བཏང་ཡོད། དེ་དང་དུས་མཚུངས། གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་ཀྱིན་ལག་ལེན་བསྟར་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་ལུས་ཚུགས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པར་ལྕག་སྐུལ་དང་། “བར་ཐག་མེད་པར”དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བསམ་འདུན་ཉན་པ། དམངས་ཀྱི་དཀའ་ངལ་སེལ་བ་བཅས་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་ནས་ལས་དོན་སྒྲུབ་སྟངས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། སློབ་སྦྱོང་གི་ཕན་འབྲས་དམངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་ཏན་ཏིག་འགྱུར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།