དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕྱོངས་རྒྱས་རྫོང་གིས་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    ཉེ་ཆར། འཕྱོངས་རྒྱས་རྫོང་གིས་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    འཕྱོངས་རྒྱས་རྫོང་གི་ཏང་ཀྲི་པུས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་སྣ་མང་ཅན་གྱི་སློབ་སྦྱོང་བྱེད་སྒོ་སྤེལ་ནས་ཕྱོགས་མིའི་ཏང་ཡོན་32ལ་སློབ་སྦྱོང་གི་དཔྱད་གཞིའི་དེབ་130ལྷག་ཙམ་སྦྲག་ཐོག་ནས་བསྐུར་བ་དང“དྲ་འཕྲིན་འཕྱོངས་རྒྱས”དང“འཕྱོངས་རྒྱས་ཀྱི་རྩ་འཛུགས་ལས་དོན”སོགས་སྐད་འཕྲིན་སྤྱི་རྟགས་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་སྒྲིག་ལེ་ཚན་བཟོས་ནས་དྲ་ཐོག་ཏུ་སློབ་སྦྱོང་གི་རྣམ་པ་ཟབ་མོ་བཏོད་ཡོད། མིག་སྔའི་བར་འཕྱོངས་རྒྱས་རྫོང་གིས་རིགས་ཁག་གི་སློབ་སྦྱོང་བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་བར་མི་4000ལྷག་ཙམ་ཞུགས་ཡོད་པ་རེད།

    འཕྱོངས་རྒྱས་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་འཚོལ་བཤེར་དང་དག་ཐེར་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྫོང་ཐད་གཏོགས་ཚན་པ་དང་། ཤང(གྲོང་རྡལ)གྲོང་ཚོ(སྡེ་ཁུལ)བཅས་ཀྱི་ཏང་རྩ་འཛུགས་ལ་དག་ཐེར་བྱེད་ཐབས་བཟོ་རོགས་བྱས་ཡོད།“ཤ་ཚལ་སྒོང་གསུམ”གྱི་རྟེན་གཞིའི་ཕན་འབྲས་ཡག་པོ་མི་ཐོན་པའི་གནད་དོན་ལ་དམིགས་ཏེ་ཆེད་དམིགས་དག་ཐེར་བཅོས་སྐྱོང་གི་ལས་དོན་ཤུགས་ཆེན་སྤེལ་ནས་ཞིང་པར་འབབ་འཕར་ཡོང་བར་བྱས་ཡོད། མིག་སྔའི་བར་འཕྱོངས་རྒྱས་རྫོང་གིས་གནད་དོན་218ལ་འཚོལ་བཤེར་བྱས་ནས་དག་ཐེར་བྱེད་ཐབས་ཁག་562བཟོས་པ་དང་གནད་དོན་290དག་ཐེར་བྱས་པ་རེད། གཞན་ཡང་འཕྱོངས་རྒྱས་རྫོང་གིས་ནུས་ཤུགས་ཡོད་རྒུས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་ནས“གཞི་རིམ་དུ་སྐྱོད་པ་བཞི”གཞི་རྟེན་དུ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་ཤང་གྲོང་ཁག་གིས་ཞིབ་འཇུག་བྱ་གཞི་ཁག་16ལ་བརྟག་ཞིབ་བྱས་ནས་སྙན་ཞུ་ཁག་13བྲིས་པ་དང་། ས་གནས་ས་ཐོག་ཏུ་གནད་དོན་ཁག་104ཐག་གཅོད་བྱས་པ། ཏང་ཡོན་གྱི་དཔེ་སྟོན་ལས་གནས་141བཙུགས་པ་དང་འགན་འཁྲིའི་ཁུལ་180དབྱེ་ནས་དམངས་འཚོའི་འདུ་འགོད་52ལག་ལེན་བསྟར་བ། ཞིང་འབྲོག་མང་ཚོགས་ཀྱི་དཀའ་ངལ་ཡོད་པའི་གནད་དོན་399ཐག་གཅོད་བྱས་པ་དང་ཏང་ཡོན་ལས་བྱེད་པའི་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།