དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་འཐེན་ཐུག་ཐོན་ལས་ལས་རིགས་ཀྱི་ཚད་ལྡན་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-06

     ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོཌ་བྱུང་བར། གསར་དུ་བཏོན་པའི《མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱུ་ཆ་ཐོན་སྐྱེད་དང་། ཐང་གི་བྲོ་རྫས་བཟོ་བ། བྲོ་རྫས་གཞན་དག་བཟོ་བ། འཐེན་ཐུག་བཟོ་བ། གྲང་ཕྲེང་ཟོག་འགྲེམས། འཕྲོད་བསྟེན་རིམས་འགོག ཞབས་ཞུའི་སྤུས་ཚད་སོགས་ལ་དམིགས་ཏེ། འཐེན་ཐུག་ཐོན་ལས་ལས་རིགས་ཀྱི་ཚད་ལྡན་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། མཚོ་སྔོན་འཐེན་ཐུག་ཐོན་ལས་མཐུན་ཚོཌ་ཀྱིས་སྣེ་ཁྲིད་དེ་འཐེན་ཐུག་ལས་རིགས་ཀྱི་ཚད་གཞི་བཟོ་བར་རྒྱབ་སྐྱོར་གྱིས་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མཚོ་སྔོན་འཐེན་ཐུག་མཐུན་ཚོགས་ཀྱིས་ལམ་ལུགས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱས་ཏེ། འབྲེལ་ཟམ་སྦྲེལ་ཐག་དང་ལས་རིགས་ནང་ཁུལ་གྱི་རང་ངོས་ཚད་ལྡན་དང་དེ་བཞིན་ཚོད་འཛིན་ནུས་པ་འདོན་སྤེལ་བྱས་ནས་འཐེན་ཐུག་ཚོང་གཉེར་མཁན་གྱི་ཁྲིམས་མཐུན་ཡིད་རྟོན་གཉེར་སྐྱོང་དང་། གོ་རིམ་ལྡན་པ་དང་དྲང་གཞག་འགྲན་རྩོད། ཞབས་ཞུའི་སྤུས་ཚད་འགན་ལེན་སོགས་ལ་ལྟ་སྐུལ་ནུས་ལྡན་དང་ཚད་ལྡན་ཁྲིད་སྟོན་བྱས་ནས་འཐེན་ཐུག་ལས་རིགས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱས་ཏེ། འཐེན་ཐུག་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། རིགས་ཁག་གི་ལས་རིགས་སློབ་གླིང་དང་ལས་རིགས་གསོ་སྦྱོང་སྒྲིག་གཞིར་བརྟེན་ནས་འཐེན་ཐུག་ཐོན་ལས་ཀྱི་འབྲེལ་ཡོད་ཆེད་ལས་ལས་རིགས་སློབ་གསོ་དང་འབྲེལ་ཡོད་ལས་རིགས(ལས་སྣ)ཀྱི་རྩལ་ནུས་གསོ་སྦྱོང་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་གི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ནས་ཆེད་ལས་རྩལ་ནུས་ལྡན་པའི་ལས་ཞུགས་མི་སྣ་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད། གསོ་སྦྱོང་གི་ཁ་གསབ་ཚད་གཞི་སྐབས་བསྟུན་ལེགས་སྒྲིག་བྱས་ནས་གསོ་སྦྱོང་གི་བྱེད་པོས་འཐེན་ཐུག་གི་ལས་ཞུགས་མི་སྣའི་གསོ་སྦྱོང་རྣམ་གྲངས་གཉེར་བའི་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་། སྤྱོད་པ། གདེང་འཇོག ལྕག་སྐུལ་བཅས་ཀྱི་བགྲོད་ལམ་ཤར་གཏོང་གིས་ལས་རིགས(ལག་རྩལ་བཟོ་པའི)སློབ་གླིང་དང་། ཁེ་ལས། ཞིང་ཆེན་རིམ་པའི་ལས་རིགས་མཐུན་ཚོགས་བཅས་ཀྱིས་ཆེད་དོན་ནུས་པའི་དཔྱད་ཞིབ་ཚད་གཞི་གཞིར་བཟུང་། མཚོ་སྔོན་གྱི་འཐེན་ཐུག་བཟོ་བའི་ཆེད་དོན་ལས་རིགས་ནུས་པར་དཔྱད་ཞིབ་བྱེད་པ་དང་འབྲེལ། ཆེད་དོན་ལས་རིགས་ནུས་པར་དཔྱད་ཞིབ་ཁས་ལེན་ལག་ཁྱེར་སྤྲོད་པར་ལྕག་སྐུལ་བྱ་རྒྱུ་ཡིན་ཞིང་། རིགས་ཁག་གི་ལས་རིགས(ལག་རྩལ་བཟོ་པའི)སློབ་གླིང་དང་ཀྲུང་ལུགས་གྲོ་ཟས་མ་བྱན་སོགས་ལས་རིགས་རྩལ་ནུས་ཀྱི་རིམ་པ་གཏན་འཁེལ་དང་ཆེད་དམིགས་ལས་རིགས་ནུས་པར་དཔྱད་ཞིབ་བྱེད་པར་ཞུགས་རྒྱུའི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། འཐེན་ཐུག་ཐོན་ལས་ཀྱི་ལས་ཞུགས་མི་སྣའི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་རྒྱུར་ལྕག་སྐུལ་བྱས་ནས་ལས་ཤོར་འགན་བཅོལ་ནང་ཞུགས་པ་དང་འབྲེལ་ཀྲུང་ལུགས་གྲོ་ཟས་མ་བྱན་སོགས་འབྲེལ་ཡོད་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་པའི་མི་སྣར་ཁ་གསབ་ངེས་ཅན་སྤྲོད་རྒྱུ་ཡིན་པ་རེད།

    གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་འབྲེལ་ཡོད་སྡེ་ཚན་དང་། ལས་རིགས་མཐུན་ཚོགས། ཁེ་ལས་བཅས་ལ་རྒྱབ་སྐྱོར་བྱས་ནས་འཐེན་ཐུག་ཐོན་ལས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་དང་། ལས་གནས་སྦྱོང་བརྡར། ལག་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་བྱ་དགའ་དང་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་མ་ཟད། འགྲན་བསྡུར་བྱས་འབྲས་ཆེད་དོན་ལས་རིགས་ནུས་པར་དཔྱད་ཞིབ་དང་། ལས་རིགས་གདེང་འཇོག ཞབས་ཞུ་དཔྱད་འདེམས་སོགས་དང་འབྲེལ་མཐུད་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།