དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མང་ཚོགས་ཀྱི་དོ་ཁུར་ལ་ལན་བསློགས་ནས་འཕྲལ་མཁོ་དང་དཀའ་ངལ་སེམས་ཁྲལ་རེ་སྒུག་བཅས་ཀྱི་གནད་དོན་བསལ་བ།

    —— ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    གདོང་དཀར་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ནི་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པ་དང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་རེད་ལ། བོད་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་བྱེད་པའི་འགག་རྩའི་གྲས་ཤིག་ཀྱང་རེད། ཡུན་རིང་ཚུན་དུ་རྒྱ་ཆེའི་ཚོང་དུད་དང་འཛད་སྤྱོད་པས་ཁྲོམ་ར་དེའི་ཁོར་ཡུག་འཕྲོད་བསྟེན་དང་གཉེར་སྐྱོང་སྒྲིག་ལམ་གྱི་གནད་དོན་ལ་བསམ་འཆར་ཆེན་པོ་བཏོན་ཡོད།

    ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ་བརྒྱུད། ང་ཚོའི་ཁྲོམ་ར་དེ་བས་གཙང་ལ་གྲལ་སྒྲིག་པོ་ཞིག་ཏུ་གྱུར་ཡོད། དངོས་ཟོག་གང་བྱུང་དུ་བཞག་པ་དང་སྤུངས་པའི་གནད་དོན་ཡང་ཐག་གཅོད་ཐུབ་པས་ང་ཚོ་ཚོང་དུད་དང་ཚོང་ཤག་བློ་ཡིད་ཚིམ་པོ་བྱུང་ཞེས་ལྷ་ས་གྲོང་ཁྱེར་གདོང་དཀར་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཚོང་པ་ཧོ་ལན་གྱིས་བཤད།

    དེ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས“དགོངས་པ་སྦྱོང་བ་དང་། ཏང་གཤིས་བརྟན་པོ། ལག་ལེན་ལ་མཐོང་ཆེན། བྱས་གསར་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་དང་ཞིབ་བསྡུར་བྱས་ཤིང་། ཐབས་མང་མཉམ་དུ་སྤྱད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཁྱབ་ཁོངས་དེ་རང་དང་ཁོངས་གཏོགས་དེ་རང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ དཔལ་འབྱོར་རྩ་འཛུགས་གསར་པ་སོགས་སུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་རང་འགུལ་ངང་ཤེས་རྟོགས་བྱས་ཁར། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་རེ་ཞུ་དང་། བསམ་འཆར། གྲོས་འགོ་བཅས་ནན་ཏན་ངང་ཉན་པ་དང་། འབྱུང་རྩ་གཏིང་ཟབ་བསྔོགས་པ་དང་ཐབས་ཇུས་གཏན་འཁེལ་གནད་སྨིན་བྱས་པར་བརྟེན། མང་ཚོགས་མིག་མཐོང་ལག་ཟིན་གྱི་དམངས་ཕན་བྱ་བ་དངོས་རབ་དང་རིམ་པ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

    “འཇུག་གཞི་ཆུང་ཆུང་ནས་གནད་དོན་ཆེན་པོ་ཐག་གཅོད་བྱེད་པ”དེ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་རྒྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་རྩ་དོན་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་ཞུགས་འགན་ལེན་དང་། ཟས་གོས་སྡོད་གསུམ། སློབ་གསོ་དང་སྨན་བཅོས་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་ཚུར་སྣང་ལན་ཆ་ཆེ་ཤོས་ཀྱི“འགག་རྩའི་དོན་ཆུང”ནས་འགོ་བཙུགས་ཏེ་གནད་དོན་ཁག་63གྱི་གསལ་ཐོ་ཁག་དང་པོ་ལེགས་སྒྲིག་བྱས་པ་དང་འབྲེལ་ཤེས་འཕྲལ་ལེགས་བཅོས་དང་བཅོས་དགོས་རིགས་བཅོས་སྒྲིག་བྱས་ཤིང་། དོན་དག་གཅིག་བརྒྱུད་དོན་དག་རིགས་གཅིག་པ་ཐག་གཅོད་ཐུབ་པ་བྱས་ནས་མང་ཚོགས་ལ་འགྱུར་ལྡོག་དང་ཕན་འབྲས་དངོས་འབྲེལ་མཐོང་དུ་བཅུག་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་བཏང་ཡོད།

    —— གདོང་དཀར་ཁྲོམ་གཞུང་དུ“ཏང་དང་མང་ཚོགས་ཀྱི་ས་ཚིགས་ཆུང་ངུ”3བཙུགས་ཏེ་རླབས་ཐབ་དང་། འཐུང་ཆུའི་འཕྲུལ་ཆས། འབོལ་ཁྲི། ཅོག་ཙེ། མྱུར་སྐྱོབ་སྒམ། ལག་སྒམ་སོགས་ཞབས་ཞུའི་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ཉོ་སྐྱེལ་བ་དང་། མྱུར་སྐྱེལ་བ། རླངས་འཁོར་གཏོང་རོགས་བྱེད་མཁན་སོགས་ཀྱི་ལས་རྣམ་གསར་པའི་ལས་ཞུགས་ཚོགས་སྤྱིའི“ཁ་ལག་དང་། འཐུང་ཆུ། ངལ་གསོ། གློག་གསོག”སོགས་ཀྱི་དངོས་ཡོད་དཀའ་ངལ་ཡོད་རིགས་ཐག་གཅོད་ཏན་ཏིག་བྱས་པ་དང་།

    —— གནས་ཆུང་ཁྲོམ་གཞུང་གིས“གནས་ཆུང་གིས་ཁྱེད་ལ་བསུ་བ་ཞུ”ཞེས་པའི་ཏང་འཛུགས་སྐྱོང་དང་དམངས་ལ་ཞབས་འདེགས་ཞུ་བའི་གྲགས་རྟགས་བཏོད་ནས་ཁོངས་གཏོགས་ཁུལ་གྱི་ཉོ་སྐྱེལ་ཨ་ཇོ་15ལས་གྲུབ་པའི་རྐང་འཁོར་བཞོན་མཁན་དང་བླངས་རུ་ཁག་ལ་ཁྲིད་སྟོན་གྱིས་སྲང་ལམ་གང་སར་སྐྱོད་པ་དང་བབ་བསྟུན་རང་བཞིན་ཆེ་བའི་ལེགས་ཆ་འདོན་སྤེལ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་། གཙང་སྦྲའི་ཁུག་གསང་། མེ་གསོད་འགྲོ་ལམ་འགག་པ་སོགས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཁག་60ལྷག་ཙམ་འཚོལ་བསྡུ་བྱས་པ་མ་ཟད། གནད་དོན་ལ་དམིགས་ཏེ་དུས་ཐོག་ཏུ་རེ་རེ་བཞིན་དག་ཐེར་ཡང་བྱས་པ།

    —— སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་དྲ་ཐོག་གི“སྟོད་ལུང་གི་ཉམས་བཟང་གསར་པའི”སྐར་གསོག་ལམ་ལུགས་ཀྱི་བྱ་རིམ་ཆུང་ངུ་བཏོད་ཅིང་། མང་ཚོགས་དང་བླངས་ཞབས་ཞུར་ཞུགས་པ་དང་མི་བཟང་བྱ་བཟང་སྒྲུབ་པ་སོགས་བརྒྱུད་སྐར་གསོག་དང་ཚོང་ཟོག་བརྗེ་ལེན་གྱི་ཁྲིད་སྟོན་བྱས་ནས་གཞི་རིམ་བཅོས་སྐྱོང་ནང་མང་ཚོགས་ཞུགས་པ་དང་དང་བླངས་ཞབས་ཞུའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་པ་བཅས་རེད།

    མིག་སྔའི་བར། སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་ཁུངས་དང་ཚན་པའི་ཏང་རྩ་འཛུགས་49ཡི་ཏང་ཡོན་892ཀྱིས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་པ་དང་། དྲ་མིག་ས་ཚིགས་146ལ་འབྲེལ་གཏུག་འགན་ལེན་གྱིས་རང་འགུལ་ངང་ཐོབ་ཐང་གསལ་སྟོན་དང་། གདོང་ལེན་པ་བྱེད་པ། མིག་དཔེ་སྟོན་པ། གཟུགས་བརྙན་གཏོད་པ་བཅས་བྱས་ནས་རང་ངོས་ཀྱི་འགན་ནུས་ཁྱད་ཆོས་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་དམངས་ལ་བྱ་བ་དངོས་སྒྲུབ་པའི་ལས་འགན་ཁས་ལེན་བྱས་ཏེ་སྡེ་ཁུལ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཤིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཏང་ཡོན་ལས་བྱེད་པས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། དྲོ་སྐྱིད་ཀྱི་བྱེད་ཐབས་ཁག་གང་མགྱོགས་སྤེལ་བ་དང་དམངས་འཚོའི་བྱ་བ་དངོས་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱས་པར་རྫོང་ཡོངས་ཀྱི་མང་ཚོགས་ཚོའི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།