ཆུ་ཤུར་རྫོང་གི་ས་རྒྱུ་ཡོངས་བཤེར་ཚོད་ལྟའི་གྲུབ་འབྲས་ལ་རྒྱལ་ཡོངས་ཀྱི“ཕུལ་བྱུང”བྱ་དགའ་ཐོབ་པ།
ཉེ་ཆར། རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་གཞུང་ལས་ཁང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཚོད་ལྟའི་རྫོང་82ཀྱི་གྲུབ་འབྲས་ལ་དཔྱད་འདེམས་བྱས་པ་རེད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ལ“ཕུལ་བྱུང”བྱ་དགའ་ཐོབ་ཅིང་། དེ་ནི་རྒྱལ་ཡོངས་ཀྱི“ཕུལ་བྱུང”བྱ་དགའ་ཐོབ་པའི་ཚོད་ལྟའི་རྫོང་22ཀྱི་གྲས་ཤིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ས་རྒྱུ་ཡོངས་བཤེར་གཞུང་ལས་ཁང་གིས་ཆུ་ཤུར་རྫོང་གི་ཚོད་ལྟའི་ཉམས་མྱོང་ལ་སྔར་བས་ཕྱོགས་སྡོམ་གཏིང་ཟབ་དང་ཕུལ་བྱུང་ཚོད་ལྟའི་རྫོང་གཞན་གྱི་རྣམ་པ་བཟང་པོ་དང་བྱེད་ཐབས་ཡག་པོར་སློབ་སྦྱོང་བྱས་ཏེ། རང་ལྗོངས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དཔྱད་གཞིར་བཟུང་བ་དང་ཁྱབ་གདལ་བཏང་ནས་ས་རྒྱུ་ཡོངས་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་སྐུལ་འདེད་ནུས་ལྡན་གཏོང་གི་ཡོད།