དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི་ཚན་པ་ཁག་གིས་འགན་འཁྲི་དང་ལས་དོན་གཙོ་བོ་དོན་འཁྱོལ་ལ་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱི་ཚན་པ་ཁག་གིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་འགན་གཙོ་ལས་གཙོ་མཉམ་འདྲེས་ཐུབ་པ་དང་། ཏན་ཏིག་གཙོ་གནད་དུ་འཇོག་པ་དང་དངོས་སྒྲུབ་ཐ་སྐྱོང་། སྦྱོང་སྤྱོད་ཐ་དད་དང་ཕན་ཚུན་ཁ་ཕྲལ་བཀག་འགོག་ནུས་ལྡན་གྱིས་བརྗོད་དོན་གཙོ་བོའི་ཕན་འབྲས་ལ་བརྟེན་ནས་འགན་གཙོ་ལས་གཙོ་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད།

    འགན་གཙོ་ལས་གཙོ་ལ་དམིགས་ནས་གསར་གཏོད་ལ་དམ་འཛིན་གྱིས་འགག་གནད་སྒྲོལ་བ་དང་དཀའ་གནད་བཙལ་ནས་ལས་ཀ་བྱེད་སྟངས་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་ལས་ཀའི་སྤུས་ཚད་ལེགས་སུ་བཏང་སྟེ་རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ཡོད། ལྷ་ས་གྲོང་ཨུད་གཞུང་ལས་ཁང་གིས“13710”ལས་དོན་སྤེལ་སྟངས(རྩ་དོན་ཐོག་རྒྱུན་གཏན་གྱི་ལས་ཀའི་དུས་ཚོད་ཉིན་1ནང་ཚུན་དུ་ཐག་གཅོད་ཐུབ་པ་དང་། མཐུན་སྦྱོར་ཐག་གཅོད་བྱེད་དགོས་ཚེ་ལས་ཀའི་དུས་ཚོད་ཉིན་3ནང་ཚུན་དུ་ཐག་གཅོད་ཐུབ་པ། དཀའ་ཚེགས་ངེས་ཅན་ལྡན་ལ་རྙོག་འཛིང་ཆེ་བའི་རིགས་ཡིན་ཚེ་ལས་ཀའི་དུས་ཚོད་ཉིན་7ནང་ཚུན་དུ་ཐག་གཅོད་ཐུབ་པ། ཕྱོགས་བསྡུས་རང་བཞིན་གྱི་ཆེད་དོན་ལས་དོན་ཡིན་ཚེ་ཟླ་བ་གཅིག་ནང་ཚུན་དུ་ཐག་གཅོད་ཐུབ་པ། ལས་དོན་ཚང་མར་རྗེས་འདེད་མཐར་ཕྱིན་བྱེད་པ)ཁྱབ་གདལ་བཏང་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭས“ཐུན་མོང་རང་བཞིན་དང་རང་སོའི་ཁྱད་ཆོས་ལྡན་པའི”སློབ་ཁྲིད་བྱེད་སྟངས་ཁྱབ་གདལ་བཏང་བ་དང་སློབ་ཁྲིད་ཀྱི་རྨང་གཞིའི་ཐོག་མཉམ་འགུལ་རྣམ་པ་དང་། གྱོད་དཔེར་གཞིགས་ནས་སློབ་ཁྲིད། ས་གནས་ས་ཐོག་ཏུ་སློབ་ཁྲིད། ཀོག་ཧྥེའི་གླེང་སྟེགས་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་སྤྱད་དེ་སློབ་ཁྲིད་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་ཡོད། ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ནོར་སྲིད་སྲིད་ཇུས་ཀྱི་སྔོན་དཔག་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ལྷ་ས་གྲོང་ཁྱེར་གྱི་རིམ་པ་དེ་གའི་ནོར་སྲིད་གཏོང་སྒོའི་ཚད་གཞིའི་མ་ལག་མགྱོགས་མྱུར་བཙུགས་ཏེ་སྔོན་རྩིས་དོ་དམ་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྗོངས་ཡོངས་ཀྱི་ODR(དྲ་ཐོག་ནས་འཛད་སྤྱོད་རྩོད་གཞི་ཐག་གཅོད་བྱེད་པ)ཁེ་ལས་ཁག་དང་པོ་བཙུགས་པ་དང་ཁེ་ལས་ཀྱིས་རང་བརྟེན་ངང་དྲ་ཐོག་ནས་འཛད་སྤྱོད་རྩོད་གཞི་ཁག་68འདུམ་འགྲིག་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་20ལྷག་ཙམ་མི་ཕོག་པ་བྱས་ཡོད།

    འགན་གཙོ་ལས་གཙོ་ལ་དམིགས་ཏེ་གནད་དོན་ལ་དམ་འཛིན་བྱས་ནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་ཏེ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》འབྲེལ་མཐུད་ནུས་ལྡན་དང་རྒྱུན་སྲིང་ལག་བསྟར་བྱས་ཡོད། ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་མངོན་གསལ་དོད་པོ་མེད་པའི་གནད་དོན་ལ་དམིགས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་དུས་ཐེངས་3ལ་ཨུ་ཡོན་320ལ་གསོ་སྦྱོང་བྱས་ཏེ་སྲིད་གྲོས་ཤེས་རྟོགས་དང་། གྲོས་མོལ་ཤེས་པ། སྲིད་གླེང་མཁས་པ་བཅས་ཀྱི་བྱང་ཚད་ལེགས་པའི་སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་ཧུར་ཐག་བཏོད་ཡོད། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དང་མཉམ་དུ་རླངས་འཁོར་འཇོག་ཡུལ་སྙོམས་སྒྲིག་ཧུར་ཐག་བྱས་ནས་གནས་སྐབས་རླངས་འཁོར་འཇོག་ས་དང་། སྒོ་དབྱེ་མཉམ་དུ་རླངས་འཁོར་འཇོག་ས། ས་སྟེང་དང་ས་འོག་གི་རླངས་འཁོར་འཇོག་ས་བཅས་ཀྱི་རིན་གོང་ཧེ་བག་ཅན་དང་མཚན་མོ་རླངས་འཁོར་འཇོག་གླ་མི་དགོས་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པར་བརྟེན“རླངས་འཁོར་འཇོག་དཀའ་བ”དང“རླངས་འཁོར་གང་བྱུང་དུ་འཇོག་པ”“རླངས་འཁོར་འཇོག་གླ་མཐོ་བ”བཅས་ཀྱི་མངོན་གསལ་དོད་པའི་འགལ་བ་རང་འགུལ་ངང་བསལ་ཡོད། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ཨུ་ཡོན་ལྷན་ཁང(རྩོམ་སྒྱུར་ཅུས)གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཀྱི་བསམ་བློ་གསར་པ་དང་། ཆོད་གཏམ་གསར་པ། སྲིད་ཇུས་གསར་པ་བཅས་དུས་ཐོག་ཏུ་བོད་ཡིག་ལ་བསྒྱུར་ནས་མིང་ཚིག་དང་ཡི་གེ་ཚད་ལྡན་དང་འཕྱུགས་མེད་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་གཞི་རིམ་གྱི་ཡིག་སྒྱུར་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་ཏང་གི་གསུང་སྒྲ“མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར”སྐུལ་འདེད་བཏང་ཡོད།

    འགན་གཙོ་ལས་གཙོ་ལ་དམིགས་ཏེ་དམངས་འཚོར་དམ་འཛིན་གྱིས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བཟུང་ནས། འཕེལ་རྒྱས་གཏོང་རིང་དམངས་འཚོའི་ཞན་ཆ་སེལ་བ་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཐག་གཅོད་བྱེད་ཀྱིན་ཐོན་པ་སོགས་ཀྱི་ཟང་ཟིང་གི་རྣམ་པར་དམིགས་ནས“སྤྱོད་ཚུལ་ལེགས་གཏོང་དང་ནར་འགྱངས་གྱོད་གཞི་ཐག་གཅོད”ཀྱི་ཉིན་བརྒྱའི་བྱ་སྤྱོད་སྤེལ་བས་དུས་ཡུན་རིང་པོའི་ནང་གྱོད་ཐག་མ་ཆོད་པའི་གཏུག་བཤེར་གྱོད་གཞི་271ནས་73བར་ཉུང་དུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་ས་གཙང་ཀུང་སིས་སྒོར་ཁྲི་17ལྷག་ཙམ་བཏང་ནས་ཕན་འབྲས་ཆེ་བའི་དྲོད་ཁང་གི་དྲོད་སྲུང་སྲིང་བལ་ཉལ་ཆས་702ཉོས་ཏེ་བརྒྱད་གཅིག་ཞིང་རའི་ཡན་ལག་ཞིང་རའི་ཚལ་འདེབས་ཞིང་དུད་15ལ་སྤྲད་དེ་དྲོད་ཁང་གི་དགུན་དུས་དྲོད་སྲུང་ལ་འགན་ལེན་བྱས་ཡོད། འདམ་གཞུང་རྫོང་གིས་ཁ་ལོ་བའི་ཡིག་རྒྱུགས་ལྟེ་གནས་དུས་ཐོག་ཏུ་སྤྱོད་འགོ་བཙུགས་ཏེ་དྲ་ཐོག་ནས་ཁ་ཆད་ཐུབ་པར་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་རྫོང་གྲོང་ནས་ཕྱིར་སྐྱོད་མི་དགོས་པར་དུས་ཐུང་ནང་ཁ་ལོ་བའི་ལག་ཁྱེར་རག་ཐབས་བྱས་ཡོད། ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གིས་ཐབས་ཇུས་དམངས་ལ་འདྲི་བ་དང་མཁོ་དགོས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་སྡེབ་དཔལ་འབྱོར་མ་རྐང་ལ་ཞུགས་པ་དང་ས་ཁང་བདག་ཁོངས་ཁེ་ལས་དང་མཉམ་ལས་བྱས་ནས་བཀོད་སྒྲིག་ས་སྤྱོད་མུའུ་130གསར་སྤེལ་བྱས་ཏེ་གྲོང་ཁུལ་ནུབ་བྱང་ཡུག་ཁུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་དངོས་ཚན་ཧུར་ཐག་བཏོད་ནས་ཚོང་ལས་ཁུལ་གསར་པ་ཆགས་རྒྱུར་སྐུལ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།