མངའ་རིས་ས་ཁུལ་གྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་རོགས་སྐྱོར་ལྟེ་གནས་ཐོག་མ་བསྐྲུན་ཟིན་པ།
དུས་རབས་གསར་པའི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་གྱི་དུས་བབ་གསར་པ་དང་དགོས་མཁོ་གསར་པ་དང་འཚམ་མཐུན་ཡོང་བར་བྱེད་པ་དང་། གནོད་འཚེ་ཕོག་མཁན་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་གི་ཕྱོགས་བསྡུས་སྲུང་སྐྱོང་མ་ལག་ཧུར་ཐག་སྐྲུན་ཆེད། ཉིན་ཤས་གོང་། མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གིས་ས་ཁུལ་སྤྱི་བདེ་ཁྲུའུ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མི་དམངས་སྨན་ཁང་བཅས་ཀྱི་སྣེ་ཁྲིད་དེ་བསྐྲུན་པའི་ས་ཁུལ་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་རོགས་སྐྱོར་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གི་ཅན་ཁྲ་ཀྲང་ཁྲེན་ཡུང་ཅུན་གྱིས་མངའ་རིས་ས་ཁུལ་གྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་རོགས་སྐྱོར་ལྟེ་གནས་བསྐྲུན་པ་དེས་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ། གནོད་འཚེ་ཕོག་མཁན་ན་སོ་དར་ལ་མ་བབས་པའི་མིར་དེ་བས་དུས་ཐོག་དང་། ནུས་ལྡན། ཕྱོཌ་ཡོངས་བཅས་ཀྱི“གཅིག་འཐུས་རྣམ་པའི”སྲུང་སྐྱོང་དང་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད།
མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གིས་སྤྱི་བདེ་ལས་ཁུངས་དང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་དང་སྔར་བས་གཞོགས་འདེགས་དམ་ཟབ་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་དང་མི་མཐུན་པའི་གནོད་འཚེ་ཕོག་རྗེས་དུས་ཐོག་ཏུ་སྨན་བཅོས་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ། ཁྲིམས་འཛིན་གྱི་གུན་གསབ་བཅས་ཐོབ་པར་བྱས་ཏེ། གནོད་འཚེ་ཕོག་པའི་ན་སོ་དར་ལ་མ་བབས་པའི་མིར་འདྲི་རྩད་ཐེངས་མང་བྱས་པའི་དབང་གིས་སེམས་ཁམས་ལ་གནོད་འཚེ་བསྐྱར་མ་མི་ཕོག་པ་དང་ཕོག་ཚད་ཉུང་དུ་གཏོང་རྩིས་ཡོད་ཅེས་བཤད།