དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “མཚོ་སྔོན་གྱི་རྡོ་རྗེ་ཕ་ལམ”ཞེས་འབོད་པའི་གནམ་ཐང་གི་ཕྱིའི་བཟོ་དབྱིབས་རགས་ཙམ་མངོན་པ།

    —— ཟི་ལིང་ཚའོ་ཅ་པའོ་གནམ་ཐང་གི་གསར་དུ་སྐྲུན་པའི་T3གནམ་ཐང་བབས་ཚུགས་རྣམ་གྲངས་ཀྱི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-05

    དུས་ཡུན་ལོ་གཅིག་དང་ཟླ་བ་དགུ་འཛུགས་སྐྲུན་དང་དོ་དམ་བྱས་པའི་མཚོ་བོད་ས་མཐོའི་དམངས་སྤྱོད་གནམ་ཐང་ཆེ་ཤོས་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང(གཤམ་དུ“ཟི་ལིང་གནམ་ཐང”ཞེས་བསྡུ་རྒྱུ)གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭའི་གསར་དུ་སྐྲུན་པའི་T3གནམ་ཐང་བབས་ཚུགས་ཀྱི་ཐོག་ཁང་དང་གྱང་གི་ལས་གྲྭ་ཟླ་11ཚེས་30ཉིན་བསྐྲུན་ཟིན་པ་དེ་ཐོག་ནས་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་ཏེ་ནང་ཕྱིའི་མཛེས་བཟོའི་དུས་མཚམས་སུ་སླེབས་པ་མཚོན་ཡོད། “གཙང་གསུམ་ཆུ་འགོ་དང་མཚོ་སྔོན་གྱི་རྡོ་རྗེ་ཕ་ལམ”གྱི་ཕྱིའི་བཟོ་དབྱིབས་རགས་ཙམ་ཆགས་ཡོད།

    ཟི་ལིང་གནམ་ཐང་T3གནམ་ཐང་བབས་ཚུགས་ཀྱི་ལས་གྲྭ་ནི་མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རྐྱང་གཟུགས་འཛུགས་སྐྲུན་གྱི་རྣམ་གྲངས་ཆེ་ཤོས་ཡིན་ཞིང་། དེ་ཐོག་བརྩེགས་ཁང་ཆེན་གཙོ་བོ་དང་ཚོམས་ཆེན་གསུམ་ལས་གྲུབ་པ་ཞིག་ཡིན་པ་དང་། གཙོ་གཟུགས་ཀྱི་གྲུབ་ཆ་ཨར་འདམ་ལྕགས་རྩིབ་མ་དང་ལྕགས་སྒྲོམ་གྱི་གྲུབ་ཆ་རེད། “ཐོག་ཁང་སྐྱོར་མཁན་ལྕགས་སྒྲོམ་དེ་ཡིན་པ་དང་། སྤྱིའི་གྲིབ་གཟུགས་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་9.5ལྷག་ཙམ་ཡོད་པ། ལྕགས་སྒྲོམ་གྱི་མཐོ་ཤོས་ལ་སྨི་43.3ཡོད་པ། ཁྱོན་བསྡོམས་ངར་ལྕགས་སྤྱོད་ཚད་ཏུན་8600ལྷག་ཙམ་ཟིན་ཡོད། དེའི་ནང་ལྕགས་མདོང་56182དང་ལྕགས་སྒྲོམ་སྒོར་མོ་22401ཚུད་པ་དང་ལྕགས་སྒྲོམ་གྱི་འོག་ཏུ་ལྕགས་གདོང་196གིས་ཀ་བ་བཙུགས་ཡོད། ལས་གྲྭ་དེར་ལས་རིགས་མང་བ་དང་། བཟོ་དབྱིབས་རྙོག་འཛིང་ཆེ་བ། ཨར་ལས་དཀའ་ཚད་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད”

    དེར་བརྟེན་རྣམ་གྲངས་ཚོགས་པས་དྲ་ཐོག་དོ་དམ་ཆ་འཕྲིན་མ་ལག་དང་རིག་ལྡན་བཟོ་སྐྲུན་དོ་དམ་ལས་སྟེགས་བརྒྱུད་གྲངས་གཞི་ཅན་གྱི་ཨར་ལས་དང་BIMསོགས་ལག་རྩལ་གསར་པ་སྤྱད་དེ་ལས་གྲྭ་འཛུགས་སྐྲུན་དོ་དམ་བྱེད་སྟངས་གྲངས་གཞི་ཅན་དང་། ལེགས་བསྡུས་ཅན། དེང་རབས་ཅན། ཕན་འབྲས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    “ཟི་ལིང་ཚའོ་ཅ་པའོ་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭའི་རིག་ལྡན་བཟོ་སྐྲུན་དོ་དམ་ལས་སྟེགས་ཀྱིས་སྲུང་སྐར་ངེས་གནས་དང་། གནད་ལ་ཐིག་པའི་ཚོར་འདྲེན་འཕྲུལ་ཆས། ཟོག་འབྲེལ་དྲ་རྒྱ། སྒུལ་བདེའི་དྲ་སྦྲེལ་སོགས་ཆ་འཕྲིན་ལག་རྩལ་གྱི་བྱ་ཐབས་བརྒྱུད་ཨར་ལས་བྱེད་རིང་གི་མི་དང་། བདེ་འཇགས། ཁོར་ཡུག སྒྲིག་ཆས་སོགས་འགག་རྩའི་ལས་སྒོའི་གྲངས་གཞི་ཐོབ་པར་བྱས་པ་དང་འབྲེལ། སྒྲོམ་འདེགས་དང་། བརྩེགས་གདན། ལྟ་ཞིབ་ཚད་ལེན་མ་ལག་སོགས་ཀྱི་གྲངས་འཛིན་ཅན་གྱི་ཆ་འཕྲིན་མ་ལག་ནང་ཨར་སྐྲུན་རྒྱུ་རྐྱེན་གཙོ་བོ་དེ་བས་ཐད་མཐོང་གི་གྲངས་གཞིའི་པར་རིས་ཆ་འཕྲིན་དུ་འགྱུར་བ་བྱེད་པ་དང་། གྲངས་གཞིའི་པར་རིས་ཆ་འཕྲིན་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱེད་པ། ཨར་སྐྲུན་མི་སྣ་དང་དེ་བཞིན་རིག་ནུས་ཅན་གྱི་འཕྲུལ་ཆས་སྒྲིག་ཆས་ཀྱི་ནུས་ཆེའི་ལས་སྒྲུབ་ལ་མཛུབ་ཁྲིད་བཅས་བྱས་པ་ལས་ཨར་སྐྲུན་དང་དོ་དམ་གྱི་མ་གནས་དམའ་རུ་བཏང་བ་དང་། ཨར་ལས་ཀྱི་བདེ་འཇགས་ཆེ་རུ་ཕྱིན་པ། ས་གནས་ས་ཐོག་གི་དོ་དམ་ལས་ཕྱོད་དང་ལས་གྲྭའི་སྤུས་ཚད་མཐོ་རུ་ཕྱིན་ཡོད”ཅེས་ཀྲུང་གོ་འཛུགས་སྐྲུན་ཅུས་གཉིས་པའི་ཟི་ལིང་ཚའོ་ཅ་པའོ་གནམ་ཐང་གི་དུས་ཐེངས་གསུམ་པའི་གསར་དུ་སྐྲུན་པའི་T3གནམ་ཐང་བབས་ཚུགས་རྣམ་གྲངས་ཀྱི་ཅིང་ལི་ཀྲའོ་ཤིང་ཁྲེན་གྱིས་བཤད།

    ཟི་ལིང་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭའི་གསར་དུ་སྐྲུན་པའི་T3གནམ་ཐང་བབས་ཚུགས་ཀྱི་རྣམ་གྲངས་ནི་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གནམ་ཐང་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་གྲས་ཤིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གྲོས་འགོ་ལག་བསྟར་དོན་འཁྱོལ་བྱས་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ལས་གྲྭ་དེ་2024ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད། གནམ་ཐང་བབས་ཚུགས་ཀྱི་ཕྱི་ནས་བལྟས་ན། གནམ་ཐང་བབས་ཚུགས་ཀྱི་ཐོག་ཁང་ནས་བར་ཁྱམས་བར་རིམ་བཞིན་དམའ་རུ་ཕྱིན་ནས་གཞུ་ཐིག་རིང་པོ་གསུམ་ཆགས་ཡོད་པ་དེས“གཙང་གསུམ་ཆུ་འགོ”མཚོན་པར་བྱས་ཡོད། གནམ་ཐང་བབས་ཚུགས་ཀྱི་དཀྱིལ་མཐོ་བ་དེ་མཚོ་བོད་ས་མཐོར་དཔེ་བཞག་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”མཚོན་པར་བྱས་ཡོད། གཞན་ཡང་གནམ་ཐང་བབས་ཚུགས་ཀྱི་ལྟེ་བའི་ཚོམས་ཆེན་གྱི་རྩེ་མོར“རྡོ་རྗེ་ཕ་ལམ་གྱི་བཟོ་དབྱིབས”འདྲ་བའི་རྒྱ་ཁྱོན་སྨི་ངོས་གྲུ་600ལྷག་ཙམ་ཟིན་པའི་ཁྲ་མ་ཞིག་བཟོས་པས་མི་རྣམས་ཀྱིས་དེའི་བཟོ་དབྱིབས་ལ་བལྟས་ནས་གནམ་ཐང་བབས་ཚུགས་གསར་པ་དེར“མཚོ་སྔོན་གྱི་རྡོ་རྗེ་ཕ་ལམ”ཞེས་འབོད་ཀྱི་ཡོད།

    མཛེས་སྡུག་ལྡན་པའི་མཚོ་སྔོན། རི་ཀླུང་བརྗིད་ཉམས་ལྡན། གཙང་གསུམ་ཆུ་འགོའི་གནམ་ཐང་གསར་པ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་ངེས་རེད། རྣམ་གྲངས་དེ་བསྐྲུན་རྗེས་2030ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2100དང་དངོས་ཟོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་12ཟིན་པའི་དགོས་མཁོ་སྐོང་རྒྱུ་མ་ཟད། ད་དུང་ནུབ་བྱང་ས་ཁུལ་སྲོལ་རྒྱུན་གྱི་དཔལ་འབྱོར་ལྟེ་གནས་ནས་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ནུབ་མའི་ས་ཁུལ་ལ་ཁ་ཕྱོགས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ཕྱོགས་སུ་འགྱུར་བར་རམ་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།