2023ལོའི་རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུད་ཀྱི་རྒྱལ་ཁབ་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།
ཉེ་ཆར། རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུད་ཀྱི་རྒྱལ་ཁབ་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པའི་འགོ་ཚུགས་མཛད་སྒོ་དང་རིག་རྩལ་དགོང་ཚོགས་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ནའི་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིན་ཧུང་གྲོང་ཁྱེར་དུ་གཉེར་ཞིང་། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན། ཁམ་ཕུ་ཁྲེ། ཝེ་ཐེ་ནམ་བཅས་རྒྱལ་ཁབ་6གི་སྒྱུ་རྩལ་ལས་དོན་པས་ཉམས་འགྱུར་ཟབ་མོ་ལྡན་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་ལྟད་མོ་བར་མིག་གི་སྟོན་མོ་གཟབ་རྒྱས་བཤམས་པ་རེད། འདི་ནི་ཀྲུང་གོའི་སྒྱུ་རྩལ་ལས་དོན་པས་ཞབས་བྲོ《མཛེས་སྡུག་ལྡན་པའི་གཏམ་རྒྱུད》འཁྲབ་བཞིན་པ།