དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    ཟླ་11ཚེས་30ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་ལྗོངས་ཀྱི་ཉེ་དུས་ཀྱི་རིམས་ནད་དུས་བབ་ལ་དབྱེ་ཞིབ་དང་ཉེན་ཁར་ཞིབ་གཅོད་བྱས་ཚུལ་ཉན་ནས། འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ལུའོ་མེ་ཚོགས་འདུར་ཞུགས་པ་མ་ཟད། རང་ལྗོངས་ཀྱི་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་འགོ་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བླང་བྱ་ཡང་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པ་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། མིག་སྔར་རང་ལྗོངས་ཀྱི་ཏོག་གསར་རིམས་ནད་སྤྱི་ཡོངས་བརྟན་པོ་དང་ཚོད་འཛིན་ཐུབ་ཡོད་པ་དང་། ཆུ་ཐོར་དང་ཁ་ལག་རྐང་གསུམ་གྱི་ནད་སོགས་དེ་མིན་གྱི་དབུགས་ལམ་གྱི་འགོ་ནད་ན་ནིང་གི་དུས་མཚུངས་ལས་མང་དུ་ཕྱིན་པ་དང་། ལྗོངས་ཕྱིའི་ཞིང་ཆེན་ཁག་གཅིག་ཏུ་གློ་ཚད་ཕྲ་གྱེས་གདོད་གཟུགས་འགོ་ནད་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་གཏོང་དང་རིམས་ནད་ཞིབ་གཅོད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། གཙོ་གནད་ཁུལ་གྱི་མི་ཚོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་རོགས་སྐྱོབ་འགན་ལེན་ལས་དོན་ཡག་པོ་བསྒྲུབ་པ། དངོས་ཟོག་གྲ་སྒྲིག་དང་རིམས་འགོག་སྨན་ཁབ་རྒྱག་པར་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ཁ་གསལ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་དུས་བདེ་སྐྱོན་བྲལ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།