དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ཀླུ་འདམ་ར་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    ཉིན་ཤས་གོང་གསར་འགོད་པར་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 《འདམ་ར་སྲུང་སྐྱོང་བཅའ་ཁྲིམས》དང་། 《རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་ངོས་འཛིན་གཏན་འཁེལ་དང་མིང་གཞུང་ཁྱབ་བསྒྲགས་གཏན་འབེབས》 《རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གཏན་འཁེལ་གྱི་དམིགས་ཚད》སོགས་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་འདམ་ར་ཁག་29རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ཁག་གསར་པའི་ནང་བཅུག་པ་རེད།

    ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས། ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་དང་སྲུང་སྐྱོང་ལས་དོན་རབ་དང་རིམ་པ་སྤེལ་བ་དང་ལྷག་པར་དུ་དུས་ཐེངས་གསུམ་གྱི་སྲུང་སྐྱོང་ལས་གྲྭ་ལག་ལེན་བསྟར་ཚུན། ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱེད་ནུས་དེ་བས་ཆེ་རུ་ཕྱིན་པ་དང་། ཆུ་རྩ་གསོ་འཁྱོངས་བྱེད་ནུས་ཆེ་རུ་ཕྱིན་པ། ས་ཞིང་བྱེ་འགྱུར་གྱི་སྣང་ཚུལ་ལ་ཚོད་འཛིན་ནུས་ལྡན་ཐུབ་པ། སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་ནུས་པ་སླར་གསོ་དང་ཆེ་རུ་ཤུགས་ཆེན་ཕྱིན་ཏེ། ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཀྱི་ཕན་ནུས་དང་སྤྱི་ཚོགས་ཀྱི་ཕན་ནུས་དེ་བས་ལེགས་པའི་སྒོ་ནས་འདོན་ཐུབ་ཡོད། ལྷག་པར་དུ་2019ལོ་ནས་བཟུང་། སྐོར་སྲུང་གི་བགྲོད་ལམ་དུ་སྤྱི་དམངས་རིན་པ་མི་དགོས་པར་བཏང་བ་ནས་ལྷ་ཀླུ་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས“དམངས་ཡོངས་ཀྱིས་མཉམ་སྤྱོད”བྱེད་པའི་དམིགས་ཡུལ་མངོན་འགྱུར་ཐུབ་པར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།