དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ཀྱི་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ།

    —— མངའ་རིས་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་འགན་འཁུར་བ་ཀྲའོ་ཝུན་ཧུའེ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    “མི་རིང་བའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་མངའ་རིས་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་འགན་འཁུར་བ་ཀྲའོ་ཝུན་ཧུའེ་ཡིས་བཤད།

    ཀྲའོ་ཝུན་ཧུའེ་ཡིས། འདི་ལོ་ནས་བཟུང་མངའ་རིས་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་ལ་དམ་པོར་དམིགས་ཏེ་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཏན་ཏིག་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཀྲའོ་ཝུན་ཧུའེ་ཡིས། མངའ་རིས་ས་ཁུལ་རིག་རྩལ་ལྷན་ཚོགས་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་བརྟན་པོ་བཙུགས་ནས། རྒྱ་ཆེའི་རིག་རྩལ་ལས་དོན་པ་དང་རིག་རྩལ་ལ་དགའ་པོ་བྱེད་མཁན་ལ་དོན་དངོས་དང་། འཚོ་བ། མང་ཚོགས་བཅས་དང་ཉེ་བར་བཅར་བར་ལྕག་སྐུལ་དང་ཁྲིད་སྟོན་བྱས་ཏེ་སེམས་རྣལ་དུ་ཕབས་ནས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད། “མངའ་རིས་ས་ཁུལ་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་རྟེན་འབྲེལ་ཞུ་བ”དང“ཉམས་དགའི་ཞང་ཞུང་གནའ་ཉམས་དོད་པའི་མཁའ་དབྱིངས་ཀྱི་མངའ་རིས”རིག་གནས་ཡུལ་སྐོར་དུས་ཆེན་སོགས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། དྲ་ཐོག་དང་དྲ་ཕྱིར་པར་རྒྱག་པ་དང་དེ་བཞིན་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་1800ལྷག་ཙམ་འགྲེམས་སྟོན་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཐད་ཀར་དང་གཟུགས་བརྙན་ལྡན་པའི་ངང་འགྲེམས་སྟོན་བྱས་པར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ཡོད་ཅེས་བཤད་པ་རེད།

    དེ་དང་ཆབས་ཅིག མངའ་རིས་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་དུས་ཆེན་དང་ངལ་གསོའི་ཉིན་མོར་ས་ཁུལ་གྱི་པར་རིས་དང་ཡིག་གཟུགས་རི་མོ་མཁས་ཅན་མཐུན་ཚོགས་དང་མཉམ་དུ་སློབ་གྲྭ་དང་། སྡེ་ཁུལ། དམག་སྒར། དགོན་སྡེ། གཞི་རིམ་བཅས་སུ་ཡིག་གཟུགས་དང་། རི་མོ། པར་རིས་བཅས་འགྲེམས་སྟོན་བྱེད་པའི“གཤམ་སྐྱོད་ལྔ”སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁྱོན་པར་རིས་དང་དེ་བཞིན་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་1200ལྷག་ཙམ་འགྲེམས་སྟོན་བྱས་པ་དང་། ས་གནས་ས་ཐོག་ཏུ་བརྩམས་ཆོས་430ལྷག་ཙམ་བྲིས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དེབ་2300ལྷག་ཙམ་སྤྲད་པ་རེད།

    ཀྲའོ་ཝུན་ཧུའེ་ཡིས། གོམ་སྟབས་རྗེས་མར་མངའ་རིས་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ནས་སྤུས་དག་དང་། ཤེས་ལྡན་པ། ཤུགས་རྐྱེན་བཅས་ཟམ་མི་ཆད་པར་ཐོན་པར་བྱས་ཏེ་མངའ་རིས་ས་ཁུལ་གྱི་རིག་གནས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་རིག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་མངའ་རིས་ཀྱི་རིག་རྩལ་ལྷན་ཚོགས་ཀྱི་ལས་དོན་ལ་སྒུལ་ཤུགས་གསར་པ་དང་གསོན་ཤུགས་གསར་པ་སྣོན་གྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།