དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ནུས་ཤུགས་ཡོད་རྒུས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-04

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་ཀྱི་འཛད་སྤྱོད་སྐུལ་གཏོང་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ལག་བསྟར་ཇུས་གཞི》གཞིར་བཟུང་། དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི“ཟ་སྡོད་འགྲོ་གསུམ་དང་། ཉོ་སྒྲུབ། ཡུལ་སྐོར། འཁོར་འཇོག”སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་ཞུ་གཏུག་དང་ཐེར་འདོན་ཐབས་ལམ་ཤར་གཏོང་བྱེད་པ། ཁོངས་གཏོགས་ཁུལ་གྱི་ལྟ་འདོམས་འགན་འཁྲི་ནན་དུ་གཏོང་བ། ཡུལ་སྐོར་ཁྲོམ་རའི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བཅས་བྱས་ཏེ་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ་རེད།

    ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ཅ་དངོས་ཉོ་སྒྲུབ། ཟ་ཁང་གི་ཁྲོམ་ར་སོགས་ཡུལ་སྐོར་གྱི་འབྲེལ་ཡོད་གཉེར་སྐྱོང་ཚན་པས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་ལག་བསྟར་མི་བྱེད་པ་དང་། གཏན་འབེབས་ལྟར་རིན་གོང་གསལ་པོ་བཀོད་མེད་པ་དང་རིན་གོང་ལ་གཡོ་སྒྱུ་རྩེད་པ་སོགས་རིན་གོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། སྒོ་འཛིན་གཅིག་གིས་གོ་མི་ཆོད་པ་སོགས་ལ་བརྟེན་ནས་སྒྲིག་འགལ་ངང་སྒོ་འཛིན་གྱི་རིན་གོང་སྤོར་བ་དང་། གྲོན་དངུལ་བསྡུ་བའི་རྣམ་གྲངས་རང་དགར་མང་དུ་གཏོང་བ་དང་། ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་འཕར་ཆག་རིན་གོང་ལག་བསྟར་མི་བྱེད་པ། གཟིགས་སྐྱོང་གི་སྲིད་ཇུས་ལག་ལེན་མི་བསྟར་བ་སོགས་ཀྱི་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྤེལ་རིགས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱ་རྒྱུ་རེད། དེ་དང་ཆབས་ཅིག་རྒྱུན་གཏན་གྱི་ཞིབ་བཤེར་དང་། སྐབས་བསྟུན་ཟུར་བཤེར། གཙོ་གནད་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཡུལ་སྐོར་ཚོང་ཟོག་དང་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་འཐེན་བཤེར་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བཟའ་བཅའི་བདེ་འཇགས་ལ་གཅིག་སྡུད་ཐོག་བཅོས་སྒྲིག སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་དང་མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས་སོགས་དམིགས་བསལ་སྒྲིག་ཆས་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་གྲལ་བཤེར་བཅས་བྱས་ཏེ་བདེ་འཇགས་དོན་རྐྱེན་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།