དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལོ་གསུམ་གྱི་ནང་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་26བཅོས་སྐྱོང་བྱ་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-04

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི“བྱང་གསུམ”ལས་གྲྭའི“བསམ་འཆར་གཅིག་དང་ཇུས་གཞི་གཉིས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྨ་ནུབ་བར་ཁྱམས་ནས་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་མཚམས་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་ཆེད། མཚོ་སྔོན་གྱིས“2+1+12+N”བྱེ་འགོག་བྱེ་བཅོས་ཀྱི་ཐབས་ལམ་གསར་པར་བརྟེན་ནས་ལོ་གསུམ་གྱི་ནང་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་26.85ལ་ཕྱོགས་བསྡུས་བཅོས་སྐྱོང་དང་བྱེ་འགྱུར་མིན་པའི་ས་ཆ་སྤྱི་ཆིང་ཁྲི་11.834ལ་བཅོས་སྐྱོང་ལེགས་སྒྲུབ་བྱ་རྒྱུ་རེད།

    སྤྱི་ཡོངས་ཀྱི་བླང་བྱའི་ཐད། མཚོ་སྔོན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེ་འགོག་བྱེ་བཅོས་དེ་གཡུལ་ས་གཙོ་བོར་བྱེད་པའི་ལྟེ་བའི་འགག་སྒྲོལ་ཁུལ་དང་སྐྱེ་ཁམས་གནས་བབ་གལ་ཆེན་དང་། བྱེ་འགོག་བྱེ་བཅོས་དང་ནགས་རྩྭ་སྲུང་སྐྱོང་ཉམས་གསོའི་ལས་འགན་ཅུང་ལྕི་བའི་མཐུན་སྦྱོར་སྐུལ་འདེད་ཁུལ་བཅས་སུ་བཀོད་སྒྲིག་བྱས་ནས“2+1+12+N”བྱེ་འགོག་བྱེ་བཅོས་ཀྱི་སྤྱིའི་བཀོད་སྒྲིག་འཆར་འགོད་གཏན་འཁེལ་བྱས་པ་རེད། འཛུགས་སྐྲུན་གྱི་ལས་འགན་ཐད། རྒྱལ་ཁབ་འཆར་འགོད་ཀྱི་ནགས་རྩྭ་ཁྱབ་ཚད་དང་། བཅོས་སྐྱོང་རུང་བའི་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཚད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་བཅས་དམིགས་ཚད་གལ་ཆེན་3གཞིར་བཟུང་། “བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་གཙོ་གནད་རྣམ་གྲངས་ཀྱི་ཕྱོགས་སྟོན་ལྟར་ཚན་རིག་དང་མཐུན་པའི་ཚོད་རྩིས་བྱས་ནས་གཏན་འཁེལ་བྱས་པ་རེད།

    དུས་ཚོད་བཀོད་སྒྲིག་ཐད། ལོ་གསུམ་གྱི་ནང་སྟོབས་ཤུགས་གཅིག་སྡུད་བྱས་ནས་རྨ་ནུབ་བར་ཁྱམས་ནས་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་མཚམས་འགོག་རྒོལ་དམག་འཐབ་སྟེ་མཚོ་སྔོན་ཡུག་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་སྤེལ་རྩིས་ཡོད་ཅིང་། གཙོ་གནད་ཐོག་བྱེ་འགྱུར་ས་ཆ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་བྱེ་རླུང་ཡོང་ཁུངས་ཁུལ་གྱི་བྱེ་རླུང་་གནད་དོན་ཐག་གཅོད་བྱས་ཏེ་བཅོས་སྐྱོང་གི་ཕན་འབྲས་བརྟན་དུ་གཏོང་རྒྱུ་རེད། 2026ལོ་ནས་2030ལོ་ནི་བརྟན་གཏོང་ལེགས་གཏོང་གི་དུས་མཚམས་ཡིན་པས་བྱེ་འགྱུར་མིན་པའི་ས་ཆའི་ནགས་བཟོ་རྩྭ་འདེབས་དང་། རི་རྒྱ་ནགས་གསོ། བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་། ཞན་འགྱུར་ནགས་ཚལ་སླར་གསོ། རྩྭ་ཐང་ལེགས་བཅོས། རྩྭ་ཐང་ར་སྐོར་སླར་གསོ་སོགས་ཀྱི་ལས་འགན་གཙོ་གནད་ཐོག་བསྒྲུབས་ནས་འཆར་འགོད་དམིགས་ཚད་དང་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་རེད།

    དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་8ཀྱི་ཡན་ལག་རྣམ་གྲངས་50ཇུས་འགོད་རགས་ཙམ་བྱས་ཤིང་། དེའི་ནང་ནས་གུང་ཧོ་གཤོང་སའི་བྱེ་ཐང་ཅན་འགོག་བཅོས་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་དེ་བཞིན་ཚྭ་འདམ་གཤོང་སའི་བྱེ་ཐང་ཅན་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་ལྟེ་བའི་འགག་སྒྲོལ་ཁུལ་གྱི་གཙོ་གནད་རྣམ་གྲངས་2ཡོད་ཅིང་། ཁྱོན་ཡན་ལག་རྣམ་གྲངས་16ལ་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཁག་བགོས་ནས་ཇུས་འགོད་བྱས་པ་དང་། 2024ལོ་ནས་2026ལོའི་བར་བྱེ་འགྱུར་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་24.92དང་བྱེ་འགྱུར་མིན་པའི་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.93ལེགས་སྒྲུབ་བྱ་རྩིས་ཡོད། 2024ལོ་ནས་2026ལོའི་བར་བྱེ་འགྱུར་བཅོས་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.93དང་བྱེ་འགྱུར་མིན་པའི་བཅོས་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་7.91ལེགས་སྒྲུབ་བྱ་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།