དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱིས་ལྗོངས་ཕྱིར་འབྲུ་རིགས་གྲབས་གསོག་དང་མཁོ་སྤྲོད་འགན་ལེན་རྟེན་གཞི་འཚོལ་ཞིབ་བྱས་ནས་བཙུགས་ཏེ་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱས་པ།

    པའེ་ཏ་ཧོང་བོད་ལྗོངས་ཀྱི་འབྲས་འགན་ལེན་རྟེན་གཞིར་གྲབས་གསོག་འབྲས་གསར་པ་ཏུན་ཁྲི་1.2མཛོད་འཇུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-04

    ཉེ་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་འབྲུ་རིགས་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་བདུན་པར་རང་སྐྱོང་ལྗོངས་འབྲུ་རིགས་གྲབས་གསོག་ཅུས་དང་པའེ་ཏ་ཧོང་ས་རྒོད་གསར་སྦོལ་ཚོགས་པའི་གཤམ་འོག་གི་ཀུང་སིའི་དབར་མིང་རྟགས་བཀོད་པའི《བོད་རང་སྐྱོང་ལྗོངས་འབྲས་འདེབས་འཛུགས་གྲབས་གསོག་དང་མཁོ་སྤྲོད་འགན་ལེན་རྟེན་གཞིའི་གན་རྒྱ》གཞིར་བཟུང་། རང་ལྗོངས་ཀྱིས་པའེ་ཏ་ཧོང་གི་ཅན་སན་ཅང་ཆི་ཤིན་ཞིང་རར་མུའུ་ཁྲི་2ཟིན་པའི་འབྲས་འདེབས་འཛུགས་རྟེན་གཞི་དོན་འཁྱོལ་བྱས་པ་དང་། ཅན་སན་ཅང་འབྲུ་མཛོད་དུ་འབྲས་ཏུན་ཁྲི་1ལྷག་ཙམ་གྲབས་གསོག་བྱས་ཡོད། ད་ཆ་པའེ་ཏ་ཧོང་བོད་ལྗོངས་འབྲས་འགན་ལེན་རྟེན་གཞིར་ལོ་ལེགས་བྱུང་ནས་འབྲས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི་1.2ཟིན་པ་དང་། མིག་སྔར་ཚང་མ་མཛོད་འཇུག་བྱས་པ་དེ་ཐོག་ནས་རང་ལྗོངས་ཀྱིས་ལྗོངས་ཕྱིར་འབྲས་གྲབས་གསོག་བྱེད་པའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་དང་སྲིད་ཇུས་རང་བཞིན་གྱི་འབྲས་གྲབས་གསོག་བྱེད་ཐེངས་དང་པོ་ཡིན་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་འབྲུ་རིགས་བདེ་འཇགས་དང་མཁོ་སྤྲོད་འགན་ལེན་གྱི་ལྟེ་བར་དམིགས་ཏེ་འབྲུ་རིགས་ཐོན་ཁུལ་གཙོ་བོའི་སྤུན་ཟླའི་ཞིང་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་ས་ཁོངས་སྒྲོལ་ནས་འབྲུ་རིགས་འདེབས་པ་དང་ལྗོངས་ཕྱིར་འབྲུ་རིགས་གྲབས་གསོག་གི་འབྱུང་རྩ་སྔོག་འདོན་ཡག་པོ་བྱས་ཏེ་ལྗོངས་ཕྱིར་བོད་ལྗོངས་ཀྱི་འབྲུ་རིགས་གྲབས་གསོག་དང་མཁོ་སྤྲོད་འགན་ལེན་རྟེན་གཞི་འཚོལ་ཞིབ་བྱས་ནས་བསྐྲུན་ཡོད། ཐོན་སྐྱེད་བྱས་པའི་འབྲུ་རིགས་བོད་ལ་དབང་བ་དང་བེད་སྤྱོད་པའི་རྩ་དོན་གཞིར་བཟུང་། ལྗོངས་ཕྱིའི་ཞིང་ཆེན་དང་ཁེ་ལས་དབར་གྱི་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་པ་དང་། ལྗོངས་ཕྱིའི་བོད་ལྗོངས་འབྲས་འདེབས་འཛུགས་གྲབས་གསོག་རྟེན་གཞི་བཙུགས་པ། ཆད་སྐྱོན་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་འབྱུང་རྩ་ནས་བོད་ཀྱི་འབྲུ་རིགས་ཐོན་ཁུངས་འགན་ལེན་བྱེད་ནུས་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།