དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2023ལོའི་5Gབཟོ་གྲྭའི་མིང་གཞུང་ཁྱབ་བསྒྲགས་བྱས་པ།

    དེའི་ནང་ཚུད་པའི་བཟོ་གྲྭ་300དག་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་24ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-03

    ཉེ་དུས་བཟོ་འཕྲིན་པུས《2023ལོའི་5Gབཟོ་གྲྭའི་མིང་གཞུང》བཀྲམ་པ་དང་། བསྐྲུན་ཟིན་པའི་5Gབཟོ་གྲྭ་300བདམས་པ་དག་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་24ལ་ཁྱབ་ཡོད།

    མིག་སྔར“5G+བཟོ་ལས་དྲ་སྦྲེལ”དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་རྒྱལ་ཡོངས་སུ་རྣམ་གྲངས་བསྡོམས་འབོར་8000ལྷག་ཙམ་ཟིན་པ་དང་། 5Gནི་ཐོན་སྐྱེད་ཕྱིའི་རམ་འདེགས་ལྷུ་ཚིགས་ནས་ལྟེ་བའི་ཚོད་འཛིན་ལྷུ་ཚིགས་བར་གཏིང་ཟབ་ཏུ་ཕྱིན་ཡོད། བཟོ་ལས་ཐོན་སྐྱེད་ཀྱི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་ཁྱོན་ཡོངས་ནས“5Gདང་བཟོ་ལས་དྲ་སྦྲེལ་ཟུང་འབྲེལ”བེད་སྤྱོད་བྱེད་རིམ་མགྱོགས་སུ་གཏོང་ཆེད། དེ་གོང་བཀྲམ་པའི《5Gཡོངས་སུ་འབྲེལ་མཐུད་བྱེད་པའི་བཟོ་གྲྭ་འཛུགས་སྐྲུན་ཕྱོགས་སྟོན》ནང་ཁེ་ལས་ཁྲི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། བཟོ་གྲྭ་1000སྐྲུན་པ། ཚད་ཤིང་100གཏོད་པ་བཅས་བཏོན་ཡོད། ད་ཐེངས་ཀྱི་མིང་གཞུང་ནང་ཁྱབ་བསྒྲགས་བྱས་པའི་བཟོ་གྲྭ་300ནི་ས་གནས་ཁག་ནས་གོང་ཞུ་བྱས་པའི་རྨང་གཞིའི་ཐོག་འདེམས་སྒྲུག་བྱས་པ་ཞིག་རེད།

    ལས་རིགས་ནས་བལྟས་ཚེ། རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་24ཁྲོད་ཀྱི་ཀུན་བཀོལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་། རྩིས་འཁོར་དང་། འཕྲིན་གཏོང་། གློག་རྡུལ་སྒྲིག་ཆས་གཞན་དག་བཅས་ཀྱི་བཟོ་སྐྲུན་ལས་རིགས། གློག་ཤུགས་འཕྲུལ་ཆས་དང་ཡོ་ཆས་བཟོ་སྐྲུན་ལས་རིགས་བཅས་5Gབཟོ་གྲྭའི་མིང་གཞུང་ནང་བདམས་པའི་གྲངས་འབོར་ཨང་དང་པོ་ནས་གསུམ་པའི་བར་སླེབས་པ་དང་། རྣམ་པ་ནས་བལྟས་ཚེ“5G+བཟོ་ལས་དྲ་སྦྲེལ”ཐད་དཔེ་མཚོན་གྱི་བཀོལ་སྤྱོད་རྣམ་པ་20ཡོད་པ་དང་། མིང་གཞུང་ནང་ཚུད་པའི་5Gབཟོ་གྲྭའི་ལག་ལེན་དངོས་ཚང་མ་50%ལས་བརྒལ་བ་རེད། ཕན་འབྲས་ནས་བལྟས་ཚེ། གཏེར་འདོན་ལས་རིགས་དང་། བཟོ་སྐྲུན་ལས་རིགས། ཨར་སྐྲུན་ལས་རིགས་བཅས་ཀྱི་ནུས་རྒྱུའི་ལས་ཕྱོད་6.3%དང་། 15.3% 15%བཅས་སོ་སོར་འཕར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིང་གཞུང་ནང་ཚུད་པའི་5Gབཟོ་གྲྭ་300ཞིང་ཆེན་26ཏུ་ཁྱབ་པའི་ནང་ཅང་སུའུ་ཞིང་ཆེན་མང་ཤོས་ཡིན་ཞིང་། ཁྱོན་བཟོ་གྲྭ་97ཡོད་པ་རེད། ཁེ་ལས་ཆེ་གྲས་དང་། འབྲིང་གྲས། ཆུང་གྲས་བཅས་ལ་མཉམ་དུ་སྐུལ་སྤེལ་བཏང་ཞིང་། 5Gབཟོ་གྲྭ་འཛུགས་སྐྲུན་ཧུར་ཐག་བྱས་པ་དང་། འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་97.3ཟིན་ནས་ཁེ་ལས་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་ནུས་ལྡན་ཐེབས་ཏེ། གྲངས་གཞིའི་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།