དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.97ཐོག་མར་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-03

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་སྡེ་ཚན་བཞི་ཡིས་མཉམ་དུ་བཀྲམ་པའི《མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《ཁ་གསབ་བྱ་ཐབས》ཞེས་བསྡུ་རྒྱུ)གཞིར་བཟུང་། ཉེ་ཆར་མཚོ་སྔོན་གྱིས་2022ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.97ཐོག་མར་སྤྲད་པ་དང་། དེའི་དམིགས་ཡུལ་ནི་གཙོ་གནད་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་རྒྱབ་སྐྱོར་བྱེད་པ་དང་། རྫོང(གྲོང་ཁྱེར་དང་ཆུས)གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་འབབ་རྒྱུད་ཀྱི“སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་བྱས་ནས་བཅོས་སྐྱོང་ཆེན་པོར་མཉམ་དུ་སྐུལ་འདེད”གཏོང་ཆེད་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཁ་གསབ་ཐོབ་པའི་རྫོང་40ཡི་ཁྲོད་ཆ་སྙོམས་རྫོང(གྲོང་ཁྱེར་དང་ཆུས)རེར་ཁ་གསབ་སྒོར་ཁྲི་742ཐོབ་པ་དང་། ཆ་སྙོམས་གྲངས་ཐང་ལས་མཐོ་བའི་རྫོང(གྲོང་ཁྱེར་དང་ཆུས)13དང་ཆ་སྙོམས་གྲངས་ཐང་ལས་དམའ་བའི་རྫོང་27ཡོད་པ་རེད། ཁ་གསབ་མ་དངུལ་མང་ཤོས་ཐོབ་པའི་རྫོང(གྲོང་ཁྱེར)3ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ལ་སྒོར་ཁྲི་2154.99དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ལ་སྒོར་ཁྲི་1634.14 ཡུལ་ཤུལ་ཀྲོའུ་ཆུ་དམར་ལེབ་རྫོང་ལ་སྒོར་ཁྲི་1504.39བཅས་ཡིན་པ་དང་། ཁ་གསབ་མ་དངུལ་ཉུང་ཤོས་ཐོབ་པའི་རྫོང(ཆུས)3ནི་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ལ་སྒོར་ཁྲི་474.81དང་། མཚོ་ཤར་གྲོང་ཁྱེར་གྱི་གཞོང་ཐང་ཆུས་ལ་སྒོར་ཁྲི་464.04 རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་ལ་སྒོར་ཁྲི་321.82བཅས་རེད།

    《ཁ་གསབ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས“འགན་འཁྲི་མཉམ་འཁུར”གྱི་རྩ་དོན་གཞིར་བཟུང་། ཞིང་ཆེན་རིམ་པ་དང་རྫོང(གྲོང་ཁྱེར་དང་ཆུས)གིས་མ་དངུལ་སྒོར་དུང་ཕྱུར་3མཉམ་དུ་གྲབས་གསོག་ཐེངས་དང་པོར་བྱས་པ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་2022ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚོད་འཛིན་དང་ཞིང་ཆེན་གྱི་ཚོད་འཛིན་ས་ཁོངས་ཀྱི་ཆུའི་སྤུས་ཚད་ལོན་པའི་གནས་ཚུལ་དང་། ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ནན་ཤོས་ལྟར་དཔྱད་ཞིབ་བྱས་ཚུལ། དེ་བཞིན་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་འདམ་ར་དང་། ནགས་ཚལ། རྩྭ་ཐང་བཅས་ཀྱི་རྒྱ་ཁྱོན་གནས་ཚུལ་བཅས་དཔྱད་ཞིབ་གྱི་གཞི་འཛིན་ས་གསུམ་གཞིར་བཟུང་། རྨ་ཆུ་དང་། འབྲི་ཆུ་དང་དེ་བཞིན་རྫ་ཆུའི་འབབ་རྒྱུད་ཀྱི་རྫོང(གྲོང་ཁྱེར་དང་ཆུས)གི་སྐྱེ་ཁམས་ཁ་གསབ་མ་དངུལ་བགོ་བཤའི་འབོར་ཚད་ཚོད་རྩིས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་གང་ལེགས་དང་བསྐྱར་ཞིབ་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་མ་དངུལ་བསྡོམས་སྒོར་ཁྲི་29678.18སྤྲད་པ་རེད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་2022ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱས་འབྲས་ལ་གཞིགས་ནས། ས་ཁུལ་ཁག་གཅིག་གི་མིའི་རྐྱེན་ལས་ཐོལ་བྱུང་ཁོར་ཡུག་གི་དོན་རྐྱེན་ཐོན་པར་བགོ་འགྲེམས་དངུལ་འབོར་གྱི་50%འཐེན་འཕྲི་བྱས་ཏེ་དེ་དག་རྩིས་སྒྱུར་བྱས་ནས་ལོ་རྗེས་མར་མཉམ་དུ་བགོ་བཤའ་བརྒྱབ་པ་ལས་བྱ་དགའ་དང་ཆད་གཅོད་ཀྱི་ལམ་སྲོལ་གང་ལེགས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།