དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གྲོང་ཚོ་དང་ཁེ་ལས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ། ཆ་སྒྲིག་མཉམ་སྐྲུན་གྱིས་དར་རྒྱས་ལ་སྐུལ་འདེད་བཏང་།

    ཆབ་མདོ་གྲོང་ཁྱེར་གྱིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་ནས་ཞིང་པར་འབབ་འཕར་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-03

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་དེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ཐོག“ཏང་སྲིད་ཀྱིས་སྣེ་ཁྲིད་དང་། ལས་སྟེགས་འཛུགས་པ། གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན”བཅས་ཀྱི་བསམ་ཕྱོགས་ལྟར“སྔོན་ལ་བརྟག་ཞིབ་དང་། དྲིལ་བསྒྲགས་གཏིང་ཟབ། སྒྲིག་འཛུགས་སྐུལ་སློང་། བྱ་སྤྱོད་འགན་ལེན”བཅས་ཐུབ་པར་བྱས་ནས། མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་དང་ནུས་ལྡན་ངང་འཕར་བར་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་བཀོད་སྒྲིག་བྱེད་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས“བསམ་ཇུས་གཅིག”ཡིན་པ། སྡེ་ཚན་ཁག་དབར་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་གཏོད་པ་དང་། 《ཆབ་མདོ་གྲོང་ཁྱེར་གྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”2023ལོའི་ལོ་འཁོར་གྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི》བཟོ་བ། འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དམིགས་ཚད་ལས་འགན་དང་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོ་བ།  རོགས་སྐྱོར་བྱེད་ཐབས་ཞིབ་ཕྲ་བཟོ་བ། སྟོབས་ཤུགས་ཧྲག་པོ་སྐོང་འཐེན་བྱས་ནས་ལས་དོན་ཆེད་དོན་ཚན་ཁག་འཛུགས་པ། ཟླ་བ་རེར་བཀོད་གཏོང་དང་། དུས་ཚིགས་རེར་དབྱེ་ཞིབ། ལོ་རེར་ཕྱོགས་སྡོམ་བཅས་ཀྱི་ལས་དོན་ལམ་ལུགས་འཛུགས་པ་བཅས་བྱས་ནས། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་རིམ་པ་བཞིན་ནུས་ལྡན་སྤེལ་བར་འགན་ལེན་བྱས་པ་སྟེ། འཇོ་མདའ་རྫོང་གིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”2023ལོའི་ལོ་འཁོར་གྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་སྐུལ་སྤེལ་ཚོགས་འདུ་དང་ཆ་སྒྲིག་རོགས་སྐྱོར་གྱི་གན་འཇོག་མཛད་སྒོ་འཚོགས་པའི་ཐོག རྫོང་བཟོ་ཚོང་མཉམ་འབྲེལ་གྱིས་དམངས་གཉེར་ཁེ་ལས་76དང་ཆ་སྒྲིག་རོགས་སྐྱོར་གྱི་གྲོས་མཐུན་བཞག་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་ནས་ཡོང་འབབ་དམའ་བའི་མང་ཚོགས་11སྔོན་ལ་ལས་ཞུགས་ཐུབ་པར་བྱས་ཡོད། སྟེང་ཆེན་རྫོང་གིས་དམངས་གཉེར་ཁེ་ལས་53སྒྲིག་འཛུགས་བྱས་ནས་ཡོང་འབབ་དམའ་བའི་མང་ཚོགས་དུད་ཚང་241དང་ཆ་སྒྲིག་རོགས་སྐྱོར་གྱི་གྲོས་མཐུན་བཞག་ཡོད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན། ཡོང་འབབ་དམའ་བའི་དུད་ཚང་གི་མི་4032ལས་ཞུགས་ཐུབ་པར་བྱས་ནས་འབབ་འཕར་སྒོར་ཁྲི་1636.47བྱུང་བ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་རྫོང(ཆུས)ཁག་དང་། གྲོང་ཁྱེར་ཐད་གཏོགས་ཀྱི་ཚོང(མཐུན)ཚོགས་དང་དམངས་གཉེར་ཁེ་ལས་ཁག་ཏུ་མི་སྣ་མངགས་ཏེ་དྲིལ་བསྒྲགས་སྐུལ་སློང་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཁག་ལ《ཆབ་མདོ་གྲོང་ཁྱེར་གྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”2023ལོའི་ལོ་འཁོར་གྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་གྲོས་འདོན་ཡི་གེ》1075སྤྲད་པ་དང་། རིམ་རྩིས་བརྒྱབ་ན། ཡོང་འབབ་དམའ་བའི་མང་ཚོགས་ལ་དངུལ་སྨར་སྒོར་ཁྲི་963.82དང་དངོས་ཟོག་སྒོར་ཁྲི་471.98རི་བའི་ཞལ་འདེབས་བརྒྱབ་ཡོད་པ་རེད། དེ་དང་ཆབས་ཅིག དམངས་གཉེར་ཁེ་ལས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ནང་ཞུགས་ནས་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་གནད་ཀྱིས་ཁྱོན་འཁྲིད་པ་དང་དེ་གཉིས་ཟུང་འབྲེལ་ཐུབ་པར་བྱས་ཐོག་ཁེ་ལས་དེ་བས་མང་པོར་སྦྱོང་བར་མིག་དཔེ་ཡོད་པ་དང་སྒྲུབ་པར་ཁ་ཕྱོགས་ཡོད་པར་བྱས་ནས། ཁེ་ལས་དང་མང་ཚོགས་ཕན་ཚུན་ལྟ་རེས་སྐྱོང་རེས་དང་མཉམ་དུ་ཡར་རྒྱས་གཏོང་བའི་རྣམ་པ་ཞིག་བཏོད་ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་རྩ་འཛུགས་སྲ་བརྟན་དུ་གཏོང་བ་དང་། ཐོན་ལས་དར་རྒྱས། འབབ་འཕར་ལ་སྐུལ་འདེད། བྱ་བ་དངོས་སྒྲུབ་པ། སྤྱོད་ཚུལ་ལེགས་གཏོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་གཉེར་ཁེ་ལས་གཅིག་གམ་ཡང་ན་མང་དག་ཅིག་དང་ཚོང(མཐུན)ཚོགས་རྩ་འཛུགས་ཟུང་སྦྲེལ་བྱས་ཐོག་ལས་མི་བསྡུ་བ་དང་། འཛད་སྤྱོད་རོགས་སྐྱོར། སྤྱི་ཕན་ཞལ་འདེབས་སོགས་བྱེད་ཐབས་མང་པོ་བརྒྱུད་གཅིག་གིས་གཅིག་ལ་རོགས་སྐྱོར་དང་། གཅིག་གིས་ཁ་ཤས་ལ་རོགས་སྐྱོར། ཁ་ཤས་ཀྱིས་གཅིག་ལ་རོགས་སྐྱོར་བཅས་ཀྱི་བྱ་ཐབས་སྤྱད་དེ་ཆ་སྒྲིག་རོགས་སྐྱོར་བྱས་པས། རོགས་སྐྱོར་གྱི་མཉམ་ཤུགས་ཆེན་པོ་ཆགས་ཡོད། 2023ལོ་འཁོར་གྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག ཁ་རུབ་ཆུས་ཀྱི་གཅེས་སེམས་ཁེ་ལས་50ཡིས་རང་མོས་ངང་ཁྱོན་སྒོར་ཁྲི་74.7ཞལ་འདེབས་བརྒྱབ་ནས་ཤང(གྲོང་རྡལ)10ཡི་དུད་ཚང་249ཡི་མི་1030ལ་ཕན་པ་ཐོབ་ཡོད། སྨར་ཁམས་རྫོང་གི་དམངས་གཉེར་ཁེ་ལས་དང་ཁེར་རྐྱང་ཚོང་དུད་ཁག་གིས་རང་འགུལ་ངང་མང་ཚོགས་ཀྱི་ལག་ནས་ཚགས་ཤ་དང་། ཤ་མོའི་རིགས། མར་སོགས་ཞིང་འབྲོག་ཐོན་རྫས་སྒོར་ཁྲི་73ལྷག་ཙམ་རི་བ་ཉོས་ཡོད། ལྷོ་རོང་རྫོང་དང་དཔལ་འབར་རྫོང་གིས“ཕུགས་འདུན་སྒྲུབ་པའི”རིམ་སྤེལ་གདན་ཞུའི་འདུ་ཚོགས་གཉེར་བའི་ཐོག་དམངས་གཉེར་ཁེ་ལས་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ལས་མི་བསྡུས་པར་མང་ཚོགས་སྔར་བས་མང་བ་ལས་ཞུགས་ཐུབ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟབ་ཏུ་ཏན་ཏིག་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།