དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྲོལ་རྒྱུན་རིག་གནས་སློབ་གྲྭར་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-02

    འདི་ནི་ཟླ་11ཚེས་29ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཁྲེང་ཀོན་སློབ་ཆུང་དང་པོར་སློབ་མ་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་འཚོག་རིང་ཀོ་བའི་འཚེམ་དྲུབ་ཉམས་ལེན་བྱེད་བཞིན་པ།

    འདི་ནི་ཟླ་11ཚེས་29ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཁྲེང་ཀོན་སློབ་ཆུང་དང་པོའི་སློབ་ཕྲུག་ཚོས་མངོན་མིན་རིག་གནས་ཤུལ་བཞག་སློབ་ཚན་ཐོག་ཀོ་བརྙན་ཟློས་གར་འཁྲབ་སྟོན་ཉམས་སུ་མྱོང་བཞིན་པ།

    ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་ཧུར་ཐག་སྤེལ་ཏེ། ཀོ་བརྙན་དང་། ཀོ་བའི་འཚེམ་དྲུབ། ཤོག་དྲས་འདྲ་གཟུགས་སོགས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་འབྲིང་ཆུང་གི་ཁྱད་ལྡན་སློབ་ཚན་ནང་བཅུག་ནས་སློབ་མ་ཚོས་སློབ་ཚན་འཚོག་རིང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།