དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་སྒོར་དུང་ཕྱུར་3.3བཏང་ནས་ཚོད་ལྟའི་དཔེ་སྟོན་ཁུལ་གསུམ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-02

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་གཙོ་གནད་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ཁུལ་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ནོར་སྲིད་ཀྱི་འགན་འཁྲི་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “ནོར་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི”ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བཅས་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་འགྲན་རྩོད་རང་བཞིན་གྱི་བགོ་བཤའ་རྒྱག་སྟངས་ཐོག་མར་སྤྱད་ནས་མཚོ་ཤར་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཅས་ས་ཁུལ་གསུམ་2023ལོའི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ས་ཁུལ་ལ་བདམས་པ་རེད།

    ད་ཐེངས་ཀྱི་འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་དང་བགོ་བཤའ་རྒྱག་སྟངས་ནི་ཞིང་ཆེན་ནོར་སྲིད་ཐིང་གིས་ནོར་སྲིད་ཀྱི་བགོ་བཤའ་རྒྱག་སྟངས་གསར་གཏོད་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་གཞུང་གིས་ཁྱད་ལྡན་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་གོ་སྐབས་གསར་པ་འཚོལ་ཞིབ་དང་འཛུགས་པའི་ཚོད་ལྟ་གལ་ཆེན་ཞིག་ཀྱང་རེད་ལ། ཞིང་ཆེན་ནོར་སྲིད་ཐིང་གིས་ས་གནས་ཁག་གི་རང་མོས་ཆད་གཅོད་དབང་ཆ་ཆེ་རུ་འོས་འཚམ་བཏང་བ་དང་དུས་མཚུངས་ས་གནས་ཁག་གིས་མ་དངུལ་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་རྒྱལ་ཁབ་དང་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་འཚམ་པའི་ཁྱད་ལྡན་འཁེལ་འཐག(བོད་རུམ་དང་མི་རིགས་ཀྱི་རྒྱན་གོས)སོགས་དང་། སྐྱེ་དངོས་ཐོན་རྫས(འཐུང་བྱ་དང་ལུས་ཁམས་འཕྲོད་སྦྱོར་ཨ་རག་སོགས)ཀྲུང་ལུགས་སྨན་རྫས་དང་བོད་ལུགས་སྨན་རྫས། ཚགས་ཤ་དང་ལུག་ཤ་སོགས་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་ཀྱི་ཐོན་རྫས། མི་རིགས་ཀྱི་ཁྱད་ལྡན་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་རིམ་སྤོར་སྒྱུར་བཀོད། སྤུས་རྟགས་གཏོད་པ་དང་དེ་བཞིན་བྲིན་ཚོང་ཁྱབ་གདལ་སོགས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་ནུས་པ་གལ་ཆེན་ཐོན་པར་སྐུལ་འདེད་བཏང་ནས་ནོར་སྲིད་ཀྱི་མ་དངུལ་དེ་ཚོད་ལྟའི་དཔེ་སྟོན་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་བ། ནུས་ཆེ་བཅས་ཀྱི་སྒོ་ནས་སྤྱོད་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།