དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྣམ་གྲངས་མྱུར་པོར་བསྐྲུན་ནས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།

    —— ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སིའི་སྣུམ་མཛོད་725རྒྱ་སྐྱེད་སྒྱུར་བཀོད་རྣམ་གྲངས་འཛུགས་སྐྲུན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-02

    འདི་ནི་རྒྱ་སྐྱེད་སྒྱུར་བཀོད་བྱེད་བཞིན་པའི་སྣུམ་མཛོད་725ཡིན་པ།

    2022ལོའི་ཟླ་1ཚེས་7ཉིན་སྣུམ་མཛོད་725རྒྱ་སྐྱེད་སྒྱུར་བཀོད་རྣམ་གྲངས་ལ་ཐོག་མའི་ཇུས་འགོད་ཀྱི་མཆན་འགོད་བཀའ་ལན་ཐོབ།

    2022ལོའི་ཟླ་3ཚེས་29ཉིན་རྣམ་གྲངས་སྐྲུན་འགོ་འཛུགས་པའི་ཆོག་མཆན་ཐོབ་པ་དང་།2022ལོའི་ཟླ་6ཚེས་30ཉིན་རྣམ་གྲངས་ཀྱི་གཙོ་གཞི་་མཇུག་འགྲིལ་བའི་མཛད་སྒོ་ལྷ་སར་འཚོགས་པ་དང་། 2023ལོའི་ཟླ་6ཚེས་9ཉིན་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    “སྣུམ་མཛོད་725ནི་1972ལོའི་ཟླ་5པར་སྐྲུན་འགོ་ཚུགས་པ་དང་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་བོད་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྣུམ་མཛོད་725རྒྱ་སྐྱེད་སྒྱུར་བཀོད་ཐེངས་མང་བྱས་མོད། འོན་ཀྱང་དུས་ཡུན་རིང་པོ་འགོར་བའི་དབང་གིས་སྣུམ་མདོང་ཁུལ་གྱི་མདོང་ལམ་དང་། གཅུས་སྒོ། སྣུམ་སྣོད་བཅས་ཚང་མར་བཙའ་བརྒྱབ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེ་ཙམ་ཡོད་པས། སྣུམ་མཛོད་སླར་ཡང་རྒྱ་སྐྱེད་སྒྱུར་བཀོད་བྱེད་པ་ཁ་ཚ་དགོས་གཏུཌ་ཤིག་རེད”ཅེས་ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལག་བསྟར་ལས་འཛིན་པ་ཧྥེང་ཧྲུའུ་ཁུན་གྱིས་བཤད།

    ཀུང་སི་དེའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཡིན་པའི་སྣུམ་མཛོད་725རྒྱ་སྐྱེད་སྒྱུར་བཀོད་རྣམ་གྲངས་2022ལོའི་ཟླ་4ཚེས་2ཉིན་ལས་འགོ་ཚུགས་པ་རེད།

    ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སིས་ཆེད་ལས་རྐང་འཛིན་པ་སྐོང་འཐེན་བྱས་ཤིང་། སྣུམ་མཛོད་འཛུགས་སྐྲུན་རྣམ་གྲངས་པུའུ་བཙུགས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་སྤུས་ཚད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    “རྣམ་གྲངས་ཀྱི་འགན་ཁུར་བར་བཅིངས་འགྲོལ་ལས་འོས་པ་མེད། ཁོང་གིས་ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཀུང་སིར་ལས་ཀ་བྱས་ནས་ལོ་20ལྷག་ཙམ་ཕྱིན་པ་དང་། ནག་ཆུ་དང་། མངའ་རིས། གཞིས་རྩེ་བཅས་སུ་ལས་ཀ་བྱེད་མྱོང་ཡོད་ལ། དཀའ་སྡུག་ཐེག་ཐུབ་པ་མ་ཟད། ལས་སྒོའང་བྱང་ཆུབ་པོ་ཡོད”ཅེས་ཧྥེང་ཧྲུའུ་ཁུན་གྱིས་སྣུམ་མཛོད་725རྒྱ་སྐྱེད་སྒྱུར་བཀོད་རྣམ་གྲངས་ཀྱི་འགན་འཁུར་བར་བཅིངས་འགྲོལ་འོས་སྦྱོར་བྱས། གློག་ཀླད་གཅིག་དང་། ཡིག་སྒམ་གཅིག ཉལ་ཁྲི་སྟབས་བདེ་གཅིག རྐུབ་སྟེགས་ཁ་ཤས་བཅས་ནི་བཅིངས་འགྲོལ་གྱི་གཞུང་ལས་ཁང་གི་ཡོད་ཚད་ཡིན།

    “ལས་འགན་བླངས་རྗེས་གནོན་ཤུགས་ཆེན་པོ་བྱུང”རྩ་འཛུགས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་ཆེད་དུ། བཅིངས་འགྲོལ་གྱིས་ལས་འགན་འཁུར་མ་ཐག་ཁེངས་སྐྱུང་ངང་ཉམས་མྱོང་ལྡན་པའི་རིགས་གཅིག་མཁས་ཅན་དང་རྒན་རབས་ལ་བཀའ་འདྲི་ཡང་ཡང་ཞུས་པ་མ་ཟད། ད་དུང་ཆེད་ལས་ཀྱི་དཔེ་དེབ་འབོར་ཆེན་ཉོས་ནས་ཧུར་བརྩོན་ཆེན་པོས་སློབ་སྦྱོང་བྱས་པ་དང་ཁོམ་པ་ཡོད་རིམ་བཞིན་ཨར་སྐྲུན་གྱི་ས་ཁྲར་ཞིབ་འཇུག་བྱེད་ཀྱི་ཡོད།

    བཅིངས་འགྲོལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་ཧྲིལ་པོའི་དཀའ་ངལ་ཆེ་ཤོས་ནི་སྣུམ་སྣོད་སྒྲིག་པའི་ལས་ཀ་རེད། ཀུང་སིས་ཀྲུང་གོ་རྡོ་སྣུམ་ལང་ཧྥང་མདོང་ལམ་ཅུས་ཀྱི་ཨར་ལས་རུ་ཁག་དང་རྒྱལ་ནང་གི་རིགས་གཅིག་མཁས་ཅན་13གདན་འདྲེན་ཞུས་ནས་སྣུམ་སྣོད་སྒྲིག་པར་མཛུབ་ཁྲིད་བྱས་མཐར་ལྡོག་བླུག་བྱེད་ཐབས་སྤྱད་པ་རེད།

    གསོར་འབིགས་འཕྲུལ་འཁོར་སྐོར་བ་དང་། རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ། དར་དམར་ལྷབ་ལྷུབ་ཏུ་གཡོ་བ་སོགས། སྣུམ་སྣོད་དང་། མདོང་ལམ། བཟོ་ཁང་། སྣུམ་འཐེན་ས་བཅས་རྣམ་གྲངས་ཨར་ལས་རུ་ཁག་4ཡི་བཟོ་པ་400ལྷག་ཙམ་གྱིས་མུའུ་300ཟིན་པའི་ལས་ཡུལ་དུ་ཚ་ཚ་འུར་འུར་ངང་ལས་ཀ་བྱས་པ་རེད།

    “ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱེད་ཐུབ་ན་དཀའ་སྡུག་མྱོང་དགོས་ཀྱང་སྐྱོན་མི་འདུག”ཞེས་ཨར་སྐྲུན་ལས་ཡུལ་གཞན་ནས་ལྷ་སར་ལས་ཀ་བྱེད་པར་ཡོང་མཁན་ཞའོ་ལིའུ་ཡིས་བཤད།

    རྒྱུན་གཏན་གྱི་ཆ་རྐྱེན་འོག་སྣུམ་སྣོད་9སྒྲིག་པར་ཉུང་མཐར་ཡང་ཟླ་བ་3འགོར་གྱི་ཡོད་པ་རེད། སྣུམ་མཛོད་725རྒྱ་སྐྱེད་སྒྱུར་བཀོད་རྣམ་གྲངས་པུའི་ལས་དོན་མི་སྣ་ཡོངས་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱུན་མཐུད་འབད་འཐབ་བྱས་ནས། ཉིན་46ལས་མ་འགོར་བར་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས་ཀུང་སི་དེའི་བྲིན་ཚོང་རྣམ་གྲངས་འཛུགས་སྐྲུན་ཐད་དུས་ཚོད་ཐུང་ཤོས་འགོར་བའི་ཟིན་ཐོ་བཏོད་ཡོད་པ་རེད།

    2023ལོའི་ཟླ་6ཚེས་9ཉིན་གྱི་ཆུ་ཚོད་11དང་སྐར་མ་39ལ། ཁྲའེ་ཡིའུ་སྣུམ་ཨང་20པ་ཁག་དང་པོ་བདེ་བླག་ངང་སྣུམ་མཛོད་725ཡི་ནང་བླུགས་པ་དང་། དུས་ཡུན་ལོ་གཅིག་ལྷག་ཙམ་འགོར་བ་དང་མ་དངུལ་སྒོར་དུང་ཕྱུར་2.1བཏང་བའི་སྣུམ་མཛོད་725ཡི་རྒྱ་སྐྱེད་སྒྱུར་བཀོད་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།

    “སྒྱུར་བཀོད་བྱས་རྗེས་ཀྱི་སྣུམ་མཛོད་725ཡི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་9.8ཟིན་ནས་བོད་ཀྱི་མིག་སྔའི་རིག་ནུས་ཅན་དང་། ཆ་འཕྲིན་ཅན། གྲངས་གཞི་ཅན་བཅས་གཞི་གཅིག་ཅན་གྱི་རྒྱལ་ནང་གི་དེང་རབས་ཅན་གྱི་བཅོས་སྣུམ་སྣུམ་མཛོད་རྩེ་གྲ་ཅིག་ཡིན་པས། བོད་ཀྱི་བཅོས་སྣུམ་ཁྲོམ་ར་འགན་ལེན་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད”ཅེས་ཧྥེང་ཧྲུའུ་ཁུན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།