དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་སྐྲུན་ཀུང་སིས།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

     ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་དང་ཏན་ཏིག་སྤེལ་་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་སྐྲུན་ཀུང་སིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་འཆད་ཁྲིད་བྱས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཆོས་འཛོམས་ཀྱིས་སློབ་ཁྲིད་བྱས་པ་དང་ཏང་ཡོན་འཐུས་མི་ཁྱོན་50ལྷག་ཙམ་ཞུགས་ཡོད་པ་རེད།

    འཆད་ཁྲིད་སྐབས《དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ལེའུ་གསར་པ་རྩོམ་དགོས》ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ཞིབ་གླེང་གསར་པ་དང་། སྙིང་བསྡུས་གསར་པ། ཆོད་གཏམ་གསར་པ་བཅས་རྒྱས་བཤད་བྱས་པ་དང་འབྲེལ། དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་དང་། “སྟངས་འཛིན་ནན་པོ་ལྔའི”དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་སོགས་ཐད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་། བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཆ་ཚང་བ། གཙོ་གནད་འབུར་དུ་ཐོན་པས་ཀུང་སིའི་རྒྱ་ཆེའི་ཏང་ཡོན་དང་ལས་བཟོ་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པར་ནུས་པ་ཆེན་པོ་ཐོན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།