དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སྡེ་ཚན་བརྒྱད་ཀྱིས“དྲ་ཕུབ་ བྱ་སྤྱོད”མཉམ་དུ་སྤེལ་བ།

    རི་སྐྱེས་སྲོག་ཆཌ་དང་རྩི་ཤིང་དྲ་ཐོག་ནས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-30

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་22ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་དུས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་། ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན། ཞིང་ཨུད་དྲ་འཕྲིན་གཞུང་དོན་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཟི་ལིང་འགག་སྒོ ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་བཅས་སྡེ་ཚན་བརྒྱད་དང་མཉམ་དུ་བྱ་སྤྱོད་ཇུས་གཞི་བཟོས་ནས་2023ལོའི་ཟླ་11ཚེས་20ནས་ཟླ་12ཚེས་31ཉིན་བར“དྲ་ཕུབ་བྱ་སྤྱོད”ཅེས་པའི་ཁྲིམས་དང་མ་མཐུན་པར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དྲ་ཐོག་ནས་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་གཙོ་གནད་ཐོག་རྡུང་རྡེག་བཅོས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    ད་ཐེངས་ཀྱི་བྱ་སྤྱོད་ཀྱིས་ལས་འགན་ཁག་བགོས་གཞིར་བཟུང་། དུས་བྱ་དང་རི་སྐྱེས་སྲོག་ཆགས་དང་དེས་བཟོས་པའི་ཟོན་རྫས་ཁྲིམས་དང་མ་མཐུན་པར་རྔོན་པ་དང་། ཕྱིར་ཚོང་། ཉོ་སྒྲུབ། སྦྲག་བསྐུར། ཟས་སྤྱོད། བེད་སྤྱོད། ཕྱིར་གཏོང་ནང་འདྲེན་དང་། དེ་བཞིན་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་རི་སྐྱེས་རྩི་ཤིང་ཁྲིམས་དང་མ་མཐུན་པར་བསྡུ་རུབ་དང་། ཕྱིར་ཚོང་། ཉོ་སྒྲུབ་བཅས་ཀྱི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་ལྟ་འདོམས་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་འབྲེལ་བ་ཡོད་པ་དང་འབྲེལ་ཡོད་ཁྲིམས་འགལ་གྱི་བརྡ་ཁྱབ་རྫུན་མ་ཡོངས་བསྒྲགས་བྱས་རིགས་དང་། ཟ་རྒྱུ་དམིགས་ཡུལ་དུ་བྱས་ནས་དུས་བྱ་དང་རི་སྐྱེས་སྲོག་ཆགས་རྔོན་པ་དང་། ཕྱིར་ཚོང་། ཉོ་སྒྲུབ། སྦྲག་བསྐུར། ཟས་སྤྱོད། བེད་སྤྱོད། ཕྱིར་གཏོང་ནང་འདྲེན་སོགས་བྱས་རིགས་ལ་ཁྲིམས་ལྟར་ཆད་པ་ལྕི་པོ་དང་། མྱུར་པོ། ནན་པོ་བཅས་གཅོད་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།