དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དྲག་རྩལ་རུ་ཁག་གིས་ཨ་རིའི་ཅིའུ་ཅིན་ཧྲན་ཁུག་ཁུལ་དུ་སྤེལ་རེས་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-30

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོའི་རྒྱལ་ཁབ་དྲག་རྩལ་རུ་ཁག་ལ་ཨ་རིའི་ཝོ་སི་པའོ་རུ་གཉེར་བའི་འཛམ་གླིང་དྲག་རྩལ་ལེགས་སྐྱེས་འགྲན་བསྡུར་སྐབས་བཅུ་དྲུག་པར་གསེར་གྱི་རྟགས་མ་15ཐོབ་པ་དང་། དེའི་ནང་གི་ཨང་དང་པོ་འཐོབ་མཁན་ལུས་རྩལ་བ་བདུན་ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་ཡུན་ནན་ཞིང་ཆེན་གྱི་དྲག་རྩལ་རུ་ཁག་དང་མཉམ་དུ་ཨ་རིའི་ཅིའུ་ཅིན་ཧྲན་ཁུག་ཁུལ་དུ་བསྐྱོད་ནས་དྲག་རྩལ་ཁྱབ་གདལ་དང་སྤེལ་རེས་འཁྲབ་སྟོན་བྱས་པས་དྲག་རྩལ་ལ་དགའ་པོ་ཡོད་མཁན་1700ལྷག་ཙམ་ས་གནས་ས་ཐོག་ཏུ་ལྟ་སྦྱོང་དང་སློབ་སྦྱོང་བྱེད་པར་འགྲོ་བའི་ཡིད་དབང་བཀུག་ཡོད། ཀྲུང་གོའི་དྲག་རྩལ་རུ་ཁག་གིས་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་རྗེས་ད་དུང་ཚོགས་ཆུང་ཁག་བགོས་ཀྱིས་ས་གནས་དེ་གའི་དྲག་རྩལ་སྦྱོང་མཁན་སློབ་མ་དང་སྤེལ་རེས་བྱས་ནས་གཞི་རྩའི་རྩལ་ནུས་མཛུབ་ཁྲིད་དང་དཔེ་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།