དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་ཨོའི་ཇའི་རིག་གནས་དང་ཡུལ་སྐོར་གཟའ་འཁོར”དེ་བཞིན་རྫ་ཆུ་དང་མའེ་ཀུང་གཙང་པོའི་ཡུལ་སྐོར་མཉམ་ལས་འོས་སྦྱོར་བྱེད་སྒོ་ཞི་ཉི་རུ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-30

    འདི་ནི་ཉིན་ཤས་གོང་ཨོ་སི་ཁྲུ་ལི་ཡའི་ཞི་ཉི་རུ“ཀྲུང་ཨོའི་ཇའི་རིག་གནས་དང་ཡུལ་སྐོར་གཟའ་འཁོར”གྱི་འགོ་ཚུགས་མཛད་སྒོ་དང་དེ་བཞིན་རྫ་ཆུ་དང་མའེ་ཀུང་གཙང་པོའི་ཡུལ་སྐོར་མཉམ་ལས་འོས་སྦྱོར་བྱེད་སྒོར་བུད་མེད་ཅིག་གིས་ཀྲུང་གོའི་ཇའི་བྲོ་བ་ལྟ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཞི་ཉི་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཨོ་སི་ཁྲུ་ལི་ཡའི་ཞི་ཉི་རུ“ཀྲུང་ཨོའི་ཇའི་རིག་གནས་དང་ཡུལ་སྐོར་གཟའ་འཁོར”གྱི་འགོ་ཚུགས་མཛད་སྒོ་དང“གཙང་ཆུ་གཅིག་ལ་རོལ། ཁྱིམ་ཚང་གཅིག་ལྟར་བརྩེ”བའི་རྫ་ཆུ་དང་མའེ་ཀུང་གཙང་པོའི་ཡུལ་སྐོར་མཉམ་ལས་འོས་སྦྱོར་བྱེད་སྒོ་སྤེལ་བ་རེད།

    “ཀྲུང་ཨོའི་ཇའི་རིག་གནས་དང་ཡུལ་སྐོར་གཟའ་འཁོར”གཉེར་ཡུན་ཉིན་4ཡིན་པ་དང་ཀྲུང་ཨོའི་ཇའི་ཁེ་ལས་བཅུ་ལྷག་ཙམ་གྱི་ཡིད་དབང་འཕྲོགས་ནས་དེར་ཞུགས་ཡོད། འགོ་ཚུགས་མཛད་སྒོའི་ཉིན་དེར་ད་དུང་རྫ་ཆུ་དང་མའེ་ཀུང་གཙང་པོའི་ཡུལ་སྐོར་མཉམ་ལས་འོས་སྦྱོར་བྱེད་སྒོ་སྤེལ་ཞིང་། དེ་ནི་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་ལག་བསྟར་བྱེད་འགོ་བརྩམས་ནས་ལོ་7རིང་རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་དྲུག་གིས་མཉམ་དུ་ཕྱོགས་གསུམ་པའི་རྒྱལ་ཁབ་ལ་ཁ་ཕྱོགས་ནས་ཡུལ་སྐོར་འོས་སྦྱོར་བྱེད་ཐེངས་ཐོག་མ་རེད། ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཐེ་ལན་དང་། ཁམ་ཕུ་ཁྲེ། ལོ་སི་སོགས་མའེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་ཁུངས་དང་དེ་བཞིན་ཨོ་སི་ཁྲུ་ལི་ཡའི་ས་གནས་དཔོན་རིགས་འོས་སྦྱོར་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།