དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མལ་གྲོ་གུང་དཀར་རྫོང་གིས།

    རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཏང་ཡོན་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་པ།

  • ཡོང་ཁུངས།  ​ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-30

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམིགས་ཚད་དང་། ལས་འགན། བླང་བྱ་བཅས་ལ་དམ་པོར་དམིགས་པ་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་བརྟེན་ནས་ཏང་ཡོན་ཚང་མ་སྒྲིག་འཛུགས་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ལྷག་དོན་དུ། ཕྱིར་ལས་ཀར་སྐྱོད་པའི་ཞིང་འབྲོག་པ་ཏང་ཡོན་དང་། འབྲོག་ཁུལ་དུ་བལྟོས་བཅས་ཁ་ཐོར་དུ་གནས་པའི་ཏང་ཡོན། འགྲོ་སྐྱོད་སྟབས་བདེ་མེད་པའི་ཏང་ཡོན། འཐེན་དང་གཡར་བྱས་པའི་ལས་བྱེད་པ་དང་ཏང་ཡོན། ལྗོངས་ཕྱིར་སྡོད་པའི་ལས་བྲལ་དང་རྒན་ཡོན་ཞུས་པའི་ཏང་ཡོན་བཅས་དམིགས་བསལ་གནས་ཚུལ་རིགས་5ཡི་ཏང་ཡོན་སྒྲིག་འཛུགས་བྱས་ནས་གནད་སྨིན་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་གཅིག་སྡུད་ཤུགས་བརྒྱབ་སྟེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཏང་ཡོན་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་པ་རེད།

    མལ་གྲོ་གུང་དཀར་རྫོང་གིས་ཤང་དང་གྲོང་རྡལ་དང་ལས་རིགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་ལྟེ་བར་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་འགོ་འཛུགས་སར་བྱས་ནས“གྲོང་ཚོར་འབྲེལ་གཏུག་དང་ཚོགས་ཆུང་འགན་གཙང་ལེན་པའི”ལས་ཀའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ཏེ། སྔར་ཡོད་ཀྱི་ཏང་ཡོན་དོ་དམ་གྲངས་གཞིའི་རྨང་གཞིའི་ཐོག་དུད་ཚང་དུ་སྐྱོད་པ་དང་། ཁ་པར་དང་སྐད་འཕྲིན་སོགས་ནས་འབྲེལ་བ་བྱེད་པའི་ཐབས་ལམ་སྣ་ཚོགས་བརྒྱུད་དམིགས་བསལ་གནས་ཚུལ་རིགས་5ཡི་ཏང་ཡོན་370ལ་ལེབ་བཤེར་བྱས་ནས་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བའི་གནས་ཚུལ་དང་། རིག་གནས་ཆུ་ཚད། ལས་རིགས། ད་ལྟའི་སྡོད་གནས་དང་འབྲེལ་བ་བྱེད་སྟངས་སོགས་ཀྱི་ཆ་འཕྲིན་སླར་ཡང་ཞིབ་བསྡུར་དང་གསར་པ་བཟོས་ནས་ཏང་ཡོན་གྱི་ཆ་འཕྲིན་ཐོ་འགོད་དང་རྩིས་ཐོར་སྟབས་བསྟུན་དོ་དམ་བྱེད་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་བཏང་བས་ཏང་ཡོན་གྱི་གཞི་གྲངས་གསལ་ཤེས་དང་གནས་ཚུལ་གསལ་རྟོགས་ཐུབ་པ་རེད།

    དམིགས་བསལ་གནས་ཚུལ་རིགས་5ཡི་ཏང་ཡོན་སྡོད་གནས་ཁ་ཐོར་དང་རིག་གནས་ཆུ་ཚད་མི་འདྲ་བའི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། མལ་གྲོ་གུང་དཀར་རྫོང་གིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། དམིགས་བསལ་གནས་ཚུལ་རིགས་5ཡི་ཏང་ཡོན་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཞུགས་རྒྱུ་སྒྲིག་འཛུགས་ནུས་ལྡན་བྱས་པ་རེད།

    མལ་གྲོ་གུང་དཀར་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམིགས་བསལ་གནས་ཚུལ་རིགས་5ཡི་ཏང་ཡོན་ལ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་རྗེས་སྙེགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་ཡོན་གྱི་སློབ་སྦྱོང“ཁ་ཕྱོགས་མི་འཛོལ་བ་དང་གཅིག་ཀྱང་མི་ལུས་པའི”འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།