དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས།

    ཧྲུའུ་ཅི་དང་པོའི་ནུས་པ་བཏོན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-30

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས་གྲོང་སྡོད་ཧྲུའུ་ཅི་དང་པོའི“སྣེ་ཁྲིད་ནས་སློབ་གསོ་དང་ལེན་དང་སློབ་གསོར་དམ་འཛིན་བྱེད་རོགས་བྱེད་པའི”ནུས་པ་གང་ལེགས་བཏོན་ནས། ཞིང་འབྲོག་ཁུལ་དང་སྡེ་ཁུལ་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།

    གྲོང་སྡོད་ཧྲུའུ་ཅི་དང་པོས་སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ལ་སྐུལ་འདེད་བཏང་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་ཐུབ་པར་བྱས་པ་དང་དུས་མཚུངས། གྲོང་ཚོའི(སྡེ་ཁུལ)མང་ཚོགས་ཀྱི་སློབ་སྦྱོང་ལ་སྐུལ་ཁྲིད་ཧུར་ཐག་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས“མི་སེར་དཀྱུས་མའི་ཁྱིམ་ཚང”དུ་སྒྲོག་འགྲེལ་བྱས་པ་རེད།

    གྲོང་སྡོད་ཧྲུའུ་ཅི་དང་པོས“གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེན་པོ་བྱེད་པར་སྐྱོད་པའི་ཉིན་བརྒྱའི”བྱེད་སྒོ་ཏན་ཏིག་སྤེལ་ནས་བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་འཕྲལ་དུ་གསེད་བཀྲོལ་གྲལ་བཤེར་བྱས་ཏེ་བརྟག་ཞིབ་སྙན་ཞུ་བྲིས་ནས། ཏང་ཀྲི་པུའི་ཏང་ཡོན་ཚོགས་ཆེན་དང་ཀྲི་པུའུ་ཨུ་ལྷན་ལ་གྲོས་བསྡུར་དང་ཞིབ་འཇུག་བྱེད་པར་དུས་ཐོག་ཏུ་ཕུལ་བ་དང་། ཐབས་ཇུས་ཀྱི་གྲོས་འགོ་རེ་རེ་བཞིན་བཏོན་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་གནད་དོན་ཐག་གཅོད་དང་ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བའི་བྱ་ཐབས་དངོས་ལ་ཏན་ཏིག་བསྒྱུར་ཏེ། ཞིང་འབྲོག་མང་ཚོགས་ཀྱི་སེམས་ལ་བབས་པའི་བྱ་བ་བཟང་པོ་དང་བྱ་བ་དངོས་བསྒྲུབས་ཡོད།

    གྲོང་སྡོད་ཧྲུའུ་ཅི་དང་པོས་འཕེལ་རྒྱས་ལ་སྐུལ་འདེད་དང་བརྗོད་དོན་གཙོ་བོའི་སློབ་གསོ་མཉམ་འདྲེས་དམ་ཟབ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱས་ཡོད། གྲོང་སྡོད་ཧྲུའུ་ཅི་དང་པོ་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་དགོས་མཁོ་དང་བསམ་འཆར་དྲིས་ཏེ་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁག་273གསལ་པོ་བཟོ་རོགས་དང་། གྲོང་ཚོར(སྡེ་ཁུལ)མཛུབ་ཁྲིད་བྱས་ནས་ཐོན་ཁུངས་ལ་གཞི་ཚུཌ་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ཁག་18སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཐེངས་579བྱས་པ། གྲོང་ཚོར(སྡེ་ཁུལ)མཛུབ་ཁྲིད་བྱས་ནས་གྲོང་སྲོལ་དམངས་ཆིངས་ཁག་57བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ། འགལ་ཟླ་དང་རྩོད་གཞི་ཁག་169དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱས་པ་བཅས་བརྒྱུད་གཞི་རིམ་མང་ཚོཊ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།