དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས།

    དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་འཚམས་འདྲི་དང་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་འབྲེལ་ཡོད་ལས་དོན་པ་ཁྲེང་ཀོན་ཆུས་ཀྱི་ཀླུ་སྒུག་དང་། དཔལ་གླིང་། རྒྱ་མཚོ། ཚེ་སྨོན་གླིང་སོགས་སྡེ་ཁུལ་དུ་བསྐྱོད་དེ། དབང་པོ་སྐྱོན་ཅན་ཁྱིམ་ཚང་11ལ་བརྟག་ཞིབ་བྱས་པ་རེད།

    བརྟག་ཞིབ་བྱེད་རིང་། ལས་དོན་པས་ཁོང་ཚོའི་གཟུཌ་པོ་དང་། འཚོ་བ། ཡོང་འབབ་བཅས་ཀྱི་གནས་ཚུལ་དང་དེ་བཞིན་སྨན་བཅོས་དང་། ལས་ཞུགས། བུ་ཕྲུག་གི་སློབ་གསོ་སོགས་ཀྱི་དཀའ་ངལ་ཞིབ་ཕྲ་དྲིས་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་ལ་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་ཧུར་ཐག་བརྒྱབ་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁོང་ཚོར་ཕན་པའི་གྲོས་འགོ་བཏོན་རོགས་བྱས་པ་རེད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་ད་ཐེངས་ཀྱི་བརྟག་ཞིབ་གོ་སྐབས་སུ་བྱས་ཏེ། གནད་དོན་དང་དགོས་མཁོ་ཕྱོགས་སྟོན་དུ་བཟུང་ནས་དམངས་ལ་བྱ་བ་དངོས་བསྒྲུབ་རྒྱུ་སེམས་ལ་འཇོག་པ་དང་ཕྲག་ཏུ་ཁུར་ཏེ། ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།