དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས།

    ཁྲིམས་འཛིན་སུའོ་བདུན་ལ་བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”ཡི་མིང་འདོགས་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བར། 《བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”འཛུགས་གཏོད་དཔྱད་བསྡུར་གཏན་འབེབས་ཀྱི་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”འཛུགས་གཏོད་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད》གཞིར་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས། གཤམ་འོག་ནས་གོང་རིམ་བར་དང་རིམ་པ་བཞིན་འགག་སྒོ་ནན་པོ་བསྲུངས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”འཛུགས་གཏོད་ཀྱི་དཔྱད་བསྡུར་གཏན་འབེབས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་རེད།

    འགག་སྒོ་རིམ་པ་བཞིན་ནན་པོ་བསྲུངས་པ་བརྒྱུད། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁྲིམས་འཛིན་ཅུས་མཚོ་སྟོད་ཁྲིམས་འཛིན་སུའོ་དང་། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཁྲིམས་འཛིན་ཅུས་ལྷ་རྩེ་ཁྲིམས་འཛིན་སུའོ། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁྲིམས་འཛིན་ཅུས་བསམ་ཡས་ཁྲིམས་འཛིན་སུའོ། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲིམས་འཛིན་ཅུས་ཁྲབ་རྨོག་ཁྲིམས་འཛིན་སུའོ། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ཁྲིམས་འཛིན་ཅུས་མཚོ་ཁ་ཁྲིམས་འཛིན་སུའོ། ནག་ཆུ་གྲོང་ཁྱེར་ཁྲིམས་འཛིན་ཅུས་འབྲི་རུ་ཁྲིམས་འཛིན་སུའོ། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁྲིམས་འཛིན་ཅུས་ཧོར་ཁྲིམས་འཛིན་སུའོ་བཅས་ཁྲིམས་འཛིན་སུའོ་བདུན་ལ་བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི་“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”ཡི་མིང་བཏགས་ནས་གཟེངས་བསྟོད་དང་སྒོ་བྱང་འགེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།