དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པས་རྟོགས་དགོས་པ་དང་ཤེས་དགོས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གསལ་ཐོའི་ལམ་ལུགས》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-29

    ཉེ་ཆར། མཚོ་སྔོན་ཞིང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ལྷན་གྱིས《མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པས་རྟོགས་དགོས་པ་དང་ཤེས་དགོས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གསལ་ཐོའི་ལམ་ལུགས》(གཤམ་དུ《གསལ་ཐོའི་ལམ་ལུགས》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《གསལ་ཐོའི་ལམ་ལུགས》ནང“1+2”ཀྱི་དཔེ་དབྱིབས་ལག་ལེན་བསྟར་ནས“དགོངས་པ་གཅིག”སྟེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། “གསལ་ཐོ་གཉིས”ཏེ་ཐུན་མོང་རང་བཞིན་གྱི་གསལ་ཐོ་དང་བྱེ་བྲག་རང་བཞིན་གྱི་གསལ་ཐོ་བཟོས་པ་དང་། གསལ་ཐོའི་ནང་དོན་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་འགོ་ཁྲིད་ལས་བྱེད་པའི་ཆེད་ལས་ཁྱབ་ཁོངས་ཀྱི་གཙོ་གནད་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་བཅས་ཚུད་ནས་ཁྱོན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་40ལྷག་ཙམ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་70ལྷག་ཙམ། ས་གནས་རང་བཞིན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་20ལྷག་ཙམ་བཅས་ཚུད་ཡོད་པ་རེད། “ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཐུན་མོང་རང་བཞིན་གྱི་གསལ་ཐོའི”སློབ་སྦྱོང་གི་ནང་དོན་ཚང་མ“ངེས་པར་དུ་སྦྱོང་དགོས་པའི་ནང་དོན”དུ་བརྩིས་ཡོད་པ་དང་། “བྱེ་བྲག་རང་བཞིན་གྱི་གསལ་ཐོའི”སློབ་སྦྱོང་གི་ནང་དོན་ཚང་མ“རང་སྦྱོང་གི་ནང་དོན”དུ་བརྩིས་ནས་འགོ་ཁྲིད་ལས་བྱེད་པས་རྟོགས་དགོས་པ་དང་ཤེས་དགོས་པའི་བཅའ་ཁྲིམས་ཀྱི་གཙོ་གནད་ཐོག་སྦྱོང་དགོས་པའི་ནང་དོན་སྔར་བས་གསལ་པོ་བཟོས་ཏེ། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་བཅའ་ཁྲིམས་གནད་སྨིན་སྦྱོང་བར་རྒྱ་ཆེ་ཞིང་ཞིབ་ཚགས་པའི་བཅའ་ཁྲིམས་སྦྱོང་བའི“ལས་འགན་དཔེ་དེབ”མཁོ་འདོན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《གསལ་ཐོའི་ལམ་ལུགས》ནང“གཅིག་རེ་དྲུག”གི་བྱེད་ཐབས་ཁྱབ་གདལ་བཏང་བ་སྟེ། སྒྲིག་སྲོལ་དང་བཅའ་ཁྲིམས་སློབ་སྦྱོང་གི་གསལ་ཐོ་གཅིག་བཟོ་བ་དང་། ཁྲིམས་རའི་ཟུར་ཉན་བྱེད་སྒོར་ཐེངས་གཅིག་ཞུགས་པ། ཆེད་དོན་ཁྲིམས་སྐྱོང་སློབ་ཚན་ཐེངས་གཅིག་གཙོ་ཁྲིད་བྱེད་པ། སྒྲིག་སྲོལ་དང་བཅའ་ཁྲིམས་སྦྱོང་བའི་ཡིག་རྒྱུགས་ཐེངས་གཅིག་ལོན་པར་བྱེད་པ། ལོ་འཁོར་ནང་བཅའ་ཁྲིམས་ཐེངས་གཅིག་ཤོད་པ། ཁྲིམས་སྐྱོང་བརྟག་དཔྱད་ཐེངས་གཅིག་ལེགས་སྒྲུབ་བཅས་བྱེད་པ་དང་། ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ལོ་ལྟར་སྣེ་ཁྲིད་དེ་སྒྲིག་སྲོལ་དང་བཅའ་ཁྲིམས་ཐེངས་1ལས་མི་ཉུང་བ་ཁྲིད་དགོས་པ་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་གིས་ལོ་ལྟར་ཁྲིམས་སྐྱོང་སྐོར་གྱི་ཆེད་དོན་འཆད་ཁྲིད་ཐེངས་1ལས་མི་ཉུང་བ་བྱེད་པ། རིམ་ཁག་སྲིད་འཛིན་ཁྲིམས་སྒྱུར་འགན་ནུས་སྡེ་ཚན་གྱི་འགན་འཁུར་བས་འགན་ཡུན་འཁུར་རིང་ཁྲིམས་སྐྱོང་ཆེད་དོན་གྱི་ལས་བྲལ་གསོ་སྦྱོང་ཉུང་མཐར་ཡང་ཐེངས་1དང་ལེན་བྱེད་དགོས་པ། འགོ་ཁྲིད་ལས་བྱེད་པས་ལོ་ལྟར་སྒྲིག་སྲོལ་དང་བཅའ་ཁྲིམས་སློབ་སྦྱོང་བྱེད་པའི་དུས་ཚོད་ཆུ་ཚོད་40ལས་མི་ཉུང་བ་བྱེད་པ་བཅས་ཀྱི་གཏན་འབེབས་བྱས་ནས། “སྣེ་ཁྲིད་ཀྱི་ཕན་འབྲས”ལ་བརྟེན་ནས“ཚང་མའི་གསོན་ཤུགས་འཕེལ་བ”དང“འགག་རྩའི་ཉུང་ཤས”ལ་བརྟེན་ནས“ཆེས་མང་བར”སྐུལ་ཁྲིད་བྱས་ཡོད།

    བླང་བྱ་གཞིར་བཟུང་། མཚོ་སྔོན་གྱིས་འགོ་ཁྲིད་ལས་བྱེད་པས་རྟོགས་དགོས་པ་དང་ཤེས་དགོས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ནང་དོན་དེ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་དུ་བཅུག་པ་དང་། མཚོ་སྔོན་གྱི་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ལས་དོན་མི་སྣའི་ཁྲིམས་སྦྱོང་རྒྱུགས་ལེན་སོགས་ལས་སྟེགས་ཀྱི་སློབ་སྦྱོང་ནང་དོན་དུ་བཅུག་པ། རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་ཁྲིད་ནང་དོན་དང་འགོ་ཁྲིད་ལས་བྱེད་པའི་འགན་བཞེས་གསོ་སྦྱོང་དང་ལས་ཐོག་གསོ་སྦྱོང་གི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ནང་བཅུག་པ། ལོ་འཁོར་གྱི་ཁྲིམས་ལྟར་སྲིད་འཛིན་གསོ་སྦྱོང་གི་ངེས་པར་དུ་གསོ་སྦྱོང་བྱེད་དགོས་པའི་ནང་དོན་དུ་བཅུག་པ། སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཁྲིམས་སྲོལ་དང་བཅའ་ཁྲིམས་སྦྱོང་བ་དང་། ཚན་པའི་འགོ་ཁྲིད་ཚན་ཁག་གིས་ཚོགས་འདུ་མ་འཚོག་གོང་ཁྲིམས་སྲོལ་དང་བཅའ་ཁྲིམས་སྦྱོང་བ། ཐབས་ཇུས་གལ་ཆེན་མ་བཀོད་གོང་ཁྲིམས་སྲོལ་དང་བཅའ་ཁྲིམས་སྦྱོང་བ་སོགས་ཀྱི་ནང་དོན་གལ་ཆེན་དུ་བཅུག་ནས་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྲོལ་དང་བཅའ་ཁྲིམས་སློབ་སྦྱོང་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།