དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ལོ་ཏོག་གཙོ་བོའི་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོར་གཏོང་གི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    ཉེ་ཆར། 2023ལོའི་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་པད་ཁ་སོགས་ལོ་ཏོག་གཙོ་བོའི་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོར་གཏོང་གི་ཉེར་སྤྱོད་ཀྱི་བཀོལ་སྤྱོད་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7ནས་ཡོང་བའི་ཞིང་ལས་ལག་རྩལ་པ་110ལྷག་ཙམ་གསོ་སྦྱོང་ལ་ཞུགས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ལ་རྒྱལ་ཡོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་དང་ཞིང་ལས་གྲོང་གསེབ་པུའུ་རྨོ་ཞིང་སྤུས་ཚད་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་ལྟེ་གནས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས་རྒྱལ་ཡོངས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་དང་ཞིང་ལས་གྲོང་གསེབ་པུའི་རྨོ་ཞིང་སྤུས་ཚད་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་སོགས་བོད་དུ་སློབ་ཁྲིད་བྱེད་པར་སླེབས་ཡོད། གསོ་སྦྱོང་དེ《རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་མཐོར་གཏོང་ལག་རྩལ་གྱི་རྣམ་པ》དང་། 《རྫས་ལུད་ཀྱི་འབོར་ཚད་ཉུང་དུ་དང་ཕན་འབྲས་ཆེ་རུ་བཏང་ནས་འབྲུ་རིགས་བདེ་འཇགས་ཀྱི་གཞི་རྩ་བརྟན་དུ་གཏོང་བ》སོགས་ཀྱི་ནང་དོན་ལ་དམིགས་ཏེ། ས་བོན་དང་། འདེབས་གསོ། རྩི་ཤིང་སྲུང་སྐྱོང་། ཞིང་འཕྲུལ། ས་རྒྱུ། ཞིང་ལུད་སོགས་ཐད་ཀྱི་ཆེད་ལས་ཤེས་བྱ་འཁྲིད་པ་དང་། གསོ་སྦྱོང་ལ་ཞུགས་མཁན་གྱིས་རང་ལྗོངས་ཀྱིས་འདི་ལོ་སྤེལ་བའི་འབྲུ་རིགས་དང་པད་ཁ་སོགས་ལོ་ཏོག་གཙོ་བོའི་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོར་གཏོང་གི་ཕན་འབྲས་དང་། བྱེད་ཐབས། དེ་བཞིན་ལྷག་པའི་གནད་དོན་སོགས་ཀྱི་སྐོར་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།