དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་90ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    གསར་འགོད་པར་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ནང་འདྲེན་དང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་93.57ཟིན་པ་དེ་དུས་མཚུངས(གཤམ་མཚུངས)ལས་ལྡབ་1.5འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་83.84ཟིན་ནས་ལྡབ་1.4འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་9.73ཟིན་ནས་ལྡབ་3.1འཕར་བ། ཉོ་ཚོང་དྲང་ཁྱད་སྒོར་དུང་ཕྱུར་74.11ཟིན་ཡོད། ཟླ་10པར་བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་17.04ཟིན་ནས་ལྡབ་3.3འཕར་བ་རེད།

    ཟླ་དང་པོ་ནས་བཅུ་པའི་བར། གཉེར་སྐྱོང་བྱེད་པོ་ཞུགས་པའི་སྤྲོ་སེམས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཞུགས་ཚད་12%ཙམ་ཟིན་ཡོད། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་87.34ཟིན་ནས་ལྡབ་1.4འཕར་ཏེ་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་93.3%ལྷག་ཙམ་བཟུང་ཡོད། གཞུང་ཁོངས་ཁེ་ལས་ལ་སྒོར་དུང་ཕྱུར་5.83ཟིན་ནས་ལྡབ་5.5འཕར་བ་རེད།

    ཟླ་དང་པོ་ནས་བཅུ་པའི་བར། བོད་ཀྱི་ཁེ་ལས་ཀྱིས་རྒྱལ་ཁབ་བམ་ཡང་ན་ས་ཁུལ་169དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་མཉམ་ལས་བྱེད་ཐེངས་ན་ནིང་གི་དུས་མཚུངས་ལས་75མང་དུ་ཕྱིན་ནས་ཚོང་དོན་རོགས་ཟླ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ནེ་པ་ལ་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོ་ཡིན་པའི་ངོས་ནས། ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་21.45ཟིན་ནས་60.9%འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་58.52ཟིན་ནས་69.4%འཕར་ཡོད་པ་རེད།

    གཞིས་རྩེ་དང་ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་ཁྲིད་བྱས་ཡོད། ཟླ་དང་པོ་ནས་བཅུ་པའི་བར། གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་48.85ཟིན་ནས་ལྡབ་44.8འཕར་བ་དང་། དེ་དང་དུས་མཚུངས་ལྷ་ས་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་44.46ཟིན་ནས་22.1%འཕར་ཡོད་པ་རེད།

    བོད་ཀྱིས་ཀྲུང་ནེའི་འབྲེལ་བ་ཟབ་ཏུ་དང་གཉིས་ཁེ་མཉམ་ལས་བྱེད་རྒྱ་ཆེ་རུ་རྒྱུན་མཐུད་གཏོང་བཞིན་ཡོད་པས། བོད་ཉིད་རང་རྒྱལ་གྱིས་ནེ་པ་ལར་ཕྱོགས་པའི་ཚོང་དོན་ཞིང་ཆེན་གཙོ་བོར་གྱུར་ཡོད། ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱིས་ནེ་པ་ལར་ཕྱོགས་པའི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་102.13ཟིན་ནས་10.8%འཕར་ཡོད། རང་ལྗོངས་ཀྱིས་ནེ་པ་ལར་ཕྱོགས་པའི་ཚོང་དོན་བསྡུར་ཚད་21%བཟུང་བ་དང་འབྲེལ་སྔར་བས་རྒྱ་ཆེར་འགྲོ་བཟོ་ཡོད་པ་རེད།

    ལྷ་ས་འགག་སྒོའི་ཕྱོགས་བསྡུས་ལས་སྒོའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། འདི་ལོ་ཚུན། ལྷ་ས་འགག་སྒོས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གང་ལེགས་སྤྱད་དེ་རིག་ནུས་འགག་སྒོ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། “རིག་ལྡན་འགག་སྒོའི་རྒྱལ་ཁབ་སྟོབས་ཆེན”གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། “འགག་སྒོའི་འགན་འཁུར་བས་སྲིད་ཇུས་སྒོ་ཁར་དྲིལ་བསྒྲགས་བྱེད་པ”དང“ཁེ་ལས་རེར་ཐབས་ཇུས་རེ”སོགས་ཀྱི་ལམ་སྲོལ་བརྒྱུད་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་བརྟན་པོ་དང་གྲུབ་ཆ་ལེགས་སུ་གཏོང་བའི་ལས་དོན་ཏན་ཏིག་བསྒྲུབས་པ་དང་འབྲེལ། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་གྱི་སྒོ་ནས་འགག་སྒོའི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་འགག་སྒོར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་རམ་འདེགས་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།