དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་11ཚེས་28ཉིན་ཤར་གཏོང་ཐུབ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ།

    སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་དུམ་བུ་གསར་པ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-28

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། གསར་དུ་བསྐྲུན་པའི་སི་ཁྲོན་ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་བར་གྱི་ལྕགས་ལམ་ཆིང་པའེ་ཅང་ཤར་ངོས་ནས་ཀྲེན་ཅང་ཀོན་བར་གྱི་དུམ་བུ་ཟླ་11ཚེས་28ཉིན་ཤར་གཏོང་ཐུབ་ནས་ཉིན་རེར་ཤུགས་འགྲེམས་མེ་འཁོར་གཏོང་ཐེངས་18བཀོད་སྒྲིག་བྱས་པ་དང་། ཁྲེང་ཏུའུ་བབས་ཚུགས་ཤར་མ་ནས་སན་ཤིང་ཏུའེ་དང་ཀྲེན་ཅང་ཀོན་བབས་ཚུགས་བར་མགྱོགས་ཤོས་སྐར་མ་18དང་སྐར་མ་86བར་སོ་སོར་སླེབས་ཀྱི་ཡོད་པ་རེད།

    སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་836ལྷག་ཙམ་ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་200ཟིན་པ་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལམ་ཐིག་གཉིས་ཡོད་པའི་ལྕགས་ལམ་ཡིན་ཞིང་། ལམ་ཐིག་ཧྲིལ་པོ་དུམ་བུ་དབྱེ་ནས་བསྐྲུན་པ་དང་། ཁྲེང་ཏུའུ་ཡི་ཤར་ངོས་ནས་ཆིང་པའེ་ཅང་ཤར་ངོས་ཀྱི་དུམ་བུ་དང་མཚོ་ཤར་གྱི་ནུབ་ངོས་ནས་ཟི་ལིང་བར་གྱི་དུམ་བུ་དེ་ཤིས་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ལམ་ཐིག་མཉམ་སྤྱོད་བྱས་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། ཀྲེན་ཅང་ཀོན་ནས་མཚོ་ཤར་གྱི་ནུབ་ངོས་དུམ་བུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ། ད་ཐེངས་ཤར་གཏོང་ཐུབ་པ་ནི་ཆིང་པའེ་ཅང་ཤར་ངོས་ནས་ཀྲེན་ཅང་ཀོན་བར་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ཆིང་པའེ་ཅང་ཤར་ངོས་ནས་ཀྲེན་ཅང་ཀོན་དུམ་བུ་བར་ནི་རང་རྒྱལ་གྱི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལན་ཀྲོའུ་དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་གྱི་གྲུབ་ཆ་ཞིག་ཡིན་པ་དང་ལྕགས་ལམ་དྲ་བར་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད། ལམ་ཐིག་དེ་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་ཧ་ཅང་སྟབས་བདེ་པོ་ཡོང་སྲིད་ལ། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཆགས་པར་ཞབས་འདེགས་ཞུ་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།