དྲན་སྐུལ་རྣམ་པའི་ཞབས་འདེགས་ཞུས། དམངས་ལ་ཕན་པ་གང་ཐུབ་བཏགས།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་དམངས་བདེ་དམངས་ཕན་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་དམངས་བདེའི་བྱ་ཐབས་ཁག་གསར་དུ་བཟོས་ནས་དྲན་སྐུལ་རྣམ་པའི་ཞབས་འདེགས་ཞུ་སྟངས་ཤིག་བཏོན་པ་སྟེ། ཁྲིད་སྟོན་ལས་སྟེགས་ཀྱི་ལས་དོན་པས་ཁག་བགོས་དང་ལྟེ་གནས་ལས་སྟེགས་རྒྱབ་མའི་ལས་དོན་པས་གྲོང་མིའི་དཔྱད་གཞིའི་ཡིག་ཆར་སྔོན་ཚུད་ནས་ཞིབ་དཔྱད་བྱས་ཏེ། སྲིད་དོན་ཞབས་འདེགས་དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་ཞུ་ཐུབ་པར་སྐུལ་འདེད་གཏོང་བ་དེ་རེད། འདི་ནི་ཁྲལ་དོན་མི་སྣས་གྲོང་མིའི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་ཞིབ་དཔྱད་བྱེད་བཞིན་པ།